མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས་རྩྭ་ཐང་སྐྱེ་དངོས་ལྟ་ཞིབ་ས་ཚིགས་བསྐྲུན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  2013-05-10 10:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གནད་ལ་འཁེ་བའི་ངང་རྩྭ་ཐང་གི་ཐོན་ཁུངས་དང་སྐྱེ་དངོས་གནས་ཚུལ་ཁོངས་སུ་ཆུད་པ་བྱ་ཆེད་དང་རྩྭ་ཐང་སྲུང་སྐྱོང་འཛུགས་སྐྲུན་དང་ཚད་ལྡན་བེད་སྤྱོད་ལ་སྐུལ་འདེད་གཏོང་ཆེད། ཉེ་དུས། བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་རྩྭ་ཐང་ས་ཚིགས་ཀྱིས་ཧུར་བརྩོན་ངང་རང་སྐྱོང་ལྗོངས་འབྲོག་ལས་ཚན་རྩལ་སོའོ་དང་རམ་འདེགས་བྱས་ནས་རྫོང་དེའི་ཀོང་ཐང་ཤང་གྲོང་དཀར་གྲོང་ཚོའི་ཙུའུ་གསུམ་པར་རྩྭ་ཐང་སྐྱེ་དངོས་བརྟག་དཔྱད་ས་ཚིགས་བསྐྲུན་པ་རེད།

ཐེངས་འདིར་བསྡོམས་པས་རྩྭ་ཐང་སྐྱེ་དངོས་བརྟག་དཔྱད་ས་ཚིགས2བསྐྲུན་པ་དང་ས་ཆའི་རྒྱ་ཁྱོན་སྨི་གྲུ་བཞི་མ85ཟིན་ཡོད། སླད་ཕྱིན་ལོ5ཡི་དུས་ཚོད་ནང་རྫོང་དེའི་རྩྭ་ཐང་ས་ཚིགས་ཀྱིས་རྩྭ་ཐང་སྐྱེ་དངོས་བརྟག་དཔྱད་ས་ཚིགས་ཀྱི་འགན་འཁུར་རྒྱུ་ཡིན་པ་མ་ཟད་དུས་ཐོག་ཏུ་རང་སྐྱོང་ལྗོངས་འབྲོག་ལས་ཚན་རྩལ་ཅུས་ལ་ནུས་ལྡན་གྱི་རྩྭ་ཐང་སྐྱེ་དངོས་བརྟག་དཔྱད་ཀྱི་གྲངས་གཞི་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག