མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གྲ་ནང་རྫོང་དུ་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་སྦྱོང་བརྡར་གཉེར་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-10 10:48

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། བོད་ལྗོངས་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་སློབ་འབྲིང་དུ། སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་སྦྱོང་བརྡར་འཛིན་གྲྭ་ཞིག་གཉེར་ནས། བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་བེད་སྤྱོད་གང་ལེགས་བཏང་སྟེ། བོད་ལྗོངས་ཀྱི་རྨང་གཞིའི་སློབ་གསོའི་འཕེལ་རྒྱས་ལ་གཞོགས་འདེད་གནང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྦྱོང་བརྡར་དེར་ཁྱོན་དགེ་རྒན43ཞུགས་ཡོད་པ་དང་། སྦྱོང་བརྡར་གྱི་ནང་དོན་ནི་རིམ་པ་འཕར་བའི་བོད་ལྗོངས་སློབ་ཆེན་གྱི་གངས་རྒྱན་བོད་ཡིག་འཇུག་ཐབས་དང་རེའུ་མིག་གོ་སྒྲིག་སོགས་མཉེན་ཆས་བཀོལ་སྤྱོད་བྱེད་སྟངས་རེད། གཞན་ཡང་ད་དུང་བོད་ལྗོངས་སློབ་ཆེན་གྱིས་གྲ་ནང་རྫོང་གི་སློབ་ཁྲིད་ཚན་པ་ཁག་ལ་ཞིབ་འཇུག་འགྲེམས་སྤེལ་བྱས་པའི་བོད་ཡིག་གི་གཉེན་ཆས་གསར་ཤོས་དེ་ཕུལ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག