མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་ས་ཁུལ་གྱིས་དམངས་ཀྱི་འཚོ་བ་ལེགས་བཅོས་དང་སྤྱི་པའི་ཞབས་ཞུ་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-10 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ་བོད་ལྗོངས་མངའ་རིས་ས་ཁུལ་གྱིས་གཏོང་འཇོག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ་དང་སྤྱི་པའི་ཞབས་ཞུ་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་མངའ་རིས་ས་ཁུལ་གྱིས་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ཁང་པ1600ལྷག་ཙམ་དང་འགན་སྲུང་ཁང་པ5000ལྷག་ཙམ་འཛུགས་སྐྲུན་བྱེད་རྒྱུ་དང་། སེང་གེ་ཁ་འབབ་གྲོང་རྡལ་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་དང་གྲོང་ཁུལ་རྙིང་པའི་ཆུ་མཁོ་འདོན་བྱེད་པའི་ལྕགས་མདོང་དྲ་བའི་ལས་གཞི་ལག་བསྟར་བྱེད་རྒྱུ། སེང་གེ་ཁ་འབབ་གྲོང་རྡལ་དང་མཚོ་ཆེན་རྫོང་གི་གཅིག་བསྡུས་དྲོད་མཁོ་འདོན་ལས་གཞི་ལོ་འདིའི་ནང་ལས་འགོ་འཛུགས་ཐུབ་པ་བྱེད་རྒྱུ། ཁྱིམ་སྤྱོད་ཉི་ནུས་གློག་ཁུངས་ཞིང་འབྲོག་ཁུལ་དུ་ཁྱོན་ཡོངས་ནས་ཁྱབ་པ་བྱེད་རྒྱུ་བཅས་རེད།

ད་ལོ་ཤང་རིམ་པའི་བུ་བཅོལ་ཁང15དང་གྲོང་ཚོ་རིམ་པའི་བུ་བཅོལ་ཁང7གསར་སྐྲུན་བྱེད་པ་དང་། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་མུ་མཐུད་བསྒྱུར་བཅོས་བཏང་ནས་སྨོན་བཅོས་བྱེད་པར་བསྐྱོད་པའི་ལམ་རིན་རོགས་སྐྱོབ་ཐེབས་རྩ་འཛུགས་པ། དུས་ཁག་དབྱེ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་སྨན་རིན་མི་དགོས་པའི་གཟུགས་གཞིར་བརྟག་དཔྱད་བྱེད་པ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པ། ཚད་གཞི་ཅན་གྱི་རྫོང་སྨན་ཁང་དང་ཤང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་འཛུགས་སྐྲུན་བྱེད་པའི་རྣམ་གྲངས་མུ་མཐུད་ལག་བསྟར་བྱེད་པ། སྤྱི་པའི་རིག་གནས་དམངས་ཕན་ལས་གཞི་ལག་བསྟར་ཤུགས་ཆེན་བྱས་ཏེ། རྫོང་བདུན་དང་འགག་སྒོ་གཅིག་གི་ཤིན་ཧྭ་དཔེ་ཚོང་ཁང་དང་ས་ཁུལ་རྟེན་རྫས་བཤམས་མཛོད་ཁང་དང་། རྫོང་གི་དམངས་ཁྲོད་རིག་རྩལ་ཚོགས་པ་གསུམ་གྱི་ནང་སྦྱོང་ཁང་། ས་ཁུལ་མང་ཚོགས་སྒྱུ་རྩལ་ཁང་བཅས་བསྒྱུར་བཟོ་དང་རྒྱས་སྐྲུན་བྱེད་པའི་རྣམ་གྲངས་དམ་འཛིན་བྱེད་པ། ཞིང་འབྲོག་ཁུལ་གྱི་དུད་ཚང་ཀུན་ཁྱབ་དང་དགོན་སྡེའི་གྲ་ཤག་ཚང་མར་ཁྱབ་པའི་ལས་གཞི་ལག་བསྟར་བྱེད་མགྱོགས་སུ་གཏོང་བ། རླུང་འཕྲིན་དང་བརྙན་འཕྲིན་ཁྱབ་ཚད98%ཡན་ཟིན་པ་བྱེད་པ། དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ཏེ། ས་ཆ་དེ་གའི་ལོ་དེར་ཐོན་པའི་སློབ་གྲྭ་ཆེ་མོ་བ་ཚང་མ་ལས་ཞུགས་ཐུབ་པ་དང་སྔ་ལོ་ཐོན་པའི་སློབ་གྲྭ་ཆེན་མོ་བ་གཞི་རྩའི་ཆ་ནས་ལས་ཞུགས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.5%ཡི་ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་པ། དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར2300མན་གྱི་ཡོང་འབབ་དམའ་བའི་མི་ཚོགས་ཀྱི་ཚད་གཞིའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ད་ལོ་དུད་ཚང1000ལྷག་ཙམ་དང་དབུལ་ཕོངས་མང་ཚོགས3800ལྷག་ཙམ་ཉུང་དུ་གཏོང་གང་ཐུབ་བྱེད་པ་བཅས་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག