མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ནག་ཆུ་ས་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་འབྱོར་འབྲིང་སྤྱི་ཚོགས་གཏོད་བཞིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-10 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། བོད་ལྗོངས་ནག་ཆུ་ས་ཁུལ་གྱིས་འབྲོག་ཁུལ་གྱི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྱོང་བྱེད་པའི་བསམ་ཕྱོགས་དང་ཐབས་ལམ། དམིགས་ཚད་ལས་འགན། བྱ་ཐབས་བཅས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་འབྲོག་ལས་གོང་འཕེལ་གྱི་བསམ་ཕྱོགས་གསར་པ་བཟོས་ཡོད་པ་རེད།

ནག་ཆུ་ས་ཁུལ་གྱིས་ཐོན་ལས་ཅན་དང་གཞི་ཁྱོན་ཅན། སྒྲིག་འཛུགས་ཅན། ལེགས་བསྡུས་ཞིབ་གཉེར་ཅན་བཅས་ཀྱིས་བྱ་ཐབས་བྱས་ཏེ། འབྲི་གཡག་རྒྱགས་གསོ་དང་རྡོ་མར་ལུག་གི་དུས་ཐུང་རྒྱགས་གསོ། དཀར་བཟས་ལས་སྣོན། ཁུ་ལུ་ཡོད་པའི་ར་བཅས་ཀྱིས་གཙོ་བོ་བྱེད་པའི་ཁྱད་ལྡན་ཐོན་ལས་ཁུལ་སྐྱེས་བསྲིངས་བྱེད་མགྱོགས་སུ་བཏང་ཏེ། ཞིང་འབྲོག་མང་ཚོགས་ཀྱི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་སྔར་བས་སྟོབས་ཆེར་བཏང་བ་མ་ཟད། ཁྱད་ལྡན་ལེགས་ཆ་ལྡན་པའི་འབྲོག་ཟོག་གསར་སྤེལ་གཏིང་ཟབ་བྱེད་པ་དང་། ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་བཏང་ནས་ཟུར་སྣོན་རིན་ཐང་མཐོ་རུ་བཏང་བ་རེད།

སྐྱེད་ཚལ་ཁུལ་གྱི་དཔལ་འབྱོར་དང་དེང་རབས་ཟོག་འགྲེམས་ལས་རིགས་མགྱོགས་མྱུར་གོང་འཕེལ་གཏོང་ཆེད། ནག་ཆུ་ས་ཁུལ་གྱིས་མཚོ་བོད་ལྕགས་ལམ་དང་ནག་ཆུའི་ཟོག་འགྲེམས་ལྟེ་གནས་ཀྱི་ཁྱབ་འགྱེད་སྐུལ་འཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ནག་ཆུའི་ཕྱོགས་བསྡུས་དཔྱ་ཁྲལ་འགན་ལེན་ཁུལ་རེ་ཞུ་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཐོག ནག་ཆུའི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་འཛུགས་སྐྲུན་དམ་འཛིན་བྱས་ནས་ད་ལོའི་ནང་ཕན་འབྲས་ཐོན་པ་བྱེད་རྒྱུ། བོད་ལྗོངས་ལྕགས་ལམ་ཟོག་འགྲེམས་ཀུང་སི་དང་ནག་ཆུའི་ལྕགས་ལམ་ཟོག་འགྲེམས་ཀུང་སི་མགྱོགས་མྱུར་བཙུགས་ཏེ་འདི་ལོ་ལས་གཉེར་ཐུབ་པ་བྱེད་རྒྱུ། ཁྱད་ལྡན་གཏེར་ལས་ཐོན་ལས་དང་བོད་སྨན་ལས་རིགས། མི་རིགས་ལག་ཤེས་བཟོ་ལས་སོགས་ཀྱི་ཁྱད་ལྡན་ཐོན་ལས་གཏོད་དེ། ཐོན་ལས་ཀྱི་རིན་ཐང་དང་ཕན་འབྲས་ཐད་འགག་སྒྲོལ་ཆེན་པོ་ཡོང་བ་བྱེད་རྒྱུ། ལོ་ལྔ་ཚན་བཅུ་གཉིས་པའི་རིང་གི་ཡུལ་སྐོར་འཆར་འགོད་རྣམ་གྲངས་དོན་འཁྱོལ་གང་མགྱོགས་བྱས་ཏེ། རང་སྐྱོང་ལྗོངས་ནས་ཆོག་མཆན་སྤྲད་པའི་གྲགས་ཅན་མཛེས་ལྗོངས་ཁུལ་ལྔའི་འཆར་འགོད་དང་། ས་ཁུལ་དང་རྫོང་གི་ཡུལ་སྐོར་གྱི་སྤྱིའི་འཆར་འགོད་ཡག་པོ་བཟོས་ནས་གནམ་མཚོའི་བྱང་རྒྱུད་མཛེས་ལྗོངས་ཁུལ་ལས་གཉེར་ཐུབ་པ་བྱེད་རྒྱུ། ཡུལ་སྐོར་ཐོན་ཁུངས་གསར་སྤེལ་འཛུགས་སྐྲུན་དང་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ལོ་འཁོར་མོར་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ50ལས་བརྒལ་བར་སྣེ་ལེན་ཞུས་ཏེ། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར1ཟིན་པ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག