མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས2013ལོའི་དུས་རིམ་དང་པོའི་ཞིང་འབྲོག་ལག་རྩལ་བེད་སྤྱོད་ཀྱི་སྦྱོང་བརྡར་འཛིན་གྲྭ་གཉེར་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-05-10 10:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་སྤྱི་ཟླ5བའི་ཚེས8ཉིན་གྱི་སྔ་དྲོ། བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་གུང་དཀར་གྲོང་རྡལ་སྐལ་བཟང་གྲོང་ཚོར2013ལོའི་དུས་རིམ་དང་པོའི་ཞིང་འབྲོག་ལག་རྩལ་བེད་སྤྱོད་ཀྱི་སྦྱོང་བརྡར་འཛིན་གྲྭ་གཉེར་བ་དང་ཁྱོན་མང་ཚོགས200ལྷག་གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭའི་ཐོག མལ་གྲོ་གུང་དཀར་རྫོང་གི་ཕྱུགས་སྨན་ས་ཚིགས་ཀྱི་ལག་རྩལ་མི་སྣ་དང་ཚན་རྩལ་ཆེད་མངགས་པས་ཁག་སོ་སོར་ཞིང་འབྲོག་ལས་ཀྱི་འབྲེལ་ཡོད་ལག་རྩལ་དང་འདེབས་འཛུགས་ལས་རིགས་ཐད་ཀྱི་ཤེས་བྱ་སློབ་ཁྲིད་བྱས་པ་རེད།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་སྤེག་བ་འདིས་མལ་གྲོ་གུང་དཀར་རྫོང་གི་ཞིང་འབྲོག་ཁུལ་གྱི་ལག་རྩལ་བེད་སྤྱོད་ཁྱབ་གདལ་དང་རྫོང་དེའི་ཞིང་འབྲོག་ལས་ཚན་རྩལ་ཅན་དུ་འཕེལ་རྒྱས་གཏོང་རྒྱུར་ཕན་པ་ཐོབ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག