མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མེ་ཏོག་རྫོང་གིས་སྲོལ་རྒྱུན་མི་རིགས་རིག་གནས་ལས་དོན་ཡག་པོ་སྤེལ་བས་རིག་གནས་བྱ་གཞག་གོང་འཕེལ་མགྱོགས་པོ་ཕྱིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-09 10:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང༌བོད་ལྗོངས་ཉིང་ཁྲི་ས་ཁུལ་མེ་ཏོག་རྫོང་གིས་སྲོལ་རྒྱུན་མི་རིགས་རིག་གནས་ལས་དོན་ཡག་པོ་སྤེལ་བས་རིག་གནས་བྱ་གཞག་གོང་འཕེལ་མགྱོགས་པོ་བྱུང་ཡོད་པ་རེད། མེ་ཏོག་རྫོང་གི་རྫོང་དཔོན་བཀྲ་ཤིས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། རྫོང་དེར་མོན་པ་རིགས་དང༌ལྷོ་པ་རིགས། བོད་རིགས། མེའོ་རིགས། མན་ཇུ་རིགས། ཏུང་རིགས་སོགས་མི་རིགས་མང་པོ་འཚོ་སྡོད་བྱེད་བཞིན་ཡོད། མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་སྔར་ལས་ལྷག་པ་བྱེདེ་ཆེད། མེ་ཏོག་རྫོང་གིས་སྔ་ཕྱི་བར་གསུམ་དུ་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་རྒྱུན་འཁྱོངས་བྱས་པ་དང་། མོན་པ་དང་ལྷོ་པའི་རིག་གནས་གོང་འཕེལ་གཏོང་རྒྱུ་དེ་གཙོ་བོར་འཛིན་ཏེ། མེ་ཏོག་རྫོང་གི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་ཀྱི་བྱེད་སྒོ་སྣ་ཚོགས་ལེགས་སྒྲུབ་ལྡན་པའི་ངང་སྤེལ་ཏེ། མོན་པ་དང་ལྷོ་པའི་རིག་གནས་དེ་ཡུལ་སྐོར་དང་ཟུང་འབྲེལ་གཏིང་ཟབ་བྱས་ནས་ཕྱི་ཕྱོགས་སུ་ཐུན་མོང་མ་ཡིན་པའི་ཞི་མཐུན་མཉམ་གནས་ཀྱི་མེ་ཏོག་རྫོང་གི་གཟུགས་བརྙན་མངོན་པར་བྱས་ཡོད། རྫོང་དེས་ཐོག་མཐའ་བར་གསུམ་དུ་རིག་གནས་གྲགས་ཅན་རྫོང་གི་གོང་འཕེལ་གཏོང་ཐབས་རྒྱུན་འཁྱོངས་བྱས་ཏེ། པད་མའི་ཞིང་བཀོད་དང་བདེ་ཞིང་མོན་པ། ལྷོ་པའི་རིག་གནས་འགྲེམས་སྟོན་ཁང༌། རྫོང་དེབ་ཁང་སོགས་ཀྱི་རྟ་སྒ་ཆ་སྒྲིག་གི་སྒྲིག་ཆས་རིམ་སྤོར་ལས་དོན་མུ་མཐུད་ཏན་ཏིག་བསྒྲུབས་ཏེ། ཤང་གྲོང་ལ་ཁྱབ་པའི་སྤྱི་པའི་རིག་གནས་ཞབས་ཞུ་མ་ལག་སྐྲུན་ཡོད་པ་རེད།

གོམ་སྟབས་རྗེས་མར་མེ་ཏོག་རྫོང་གིས་མོན་པ་དང་ལྷོ་པའི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་རྒྱུ་དེ་གལ་ཆེ་ཤོས་སུ་བརྩིས་ནས་དམ་འཛིན་བྱས་ཏེ། འཛིན་སྐྱོང་སྤེལ་གསུམ་གྱིས་མོན་པ་དང་ལྷོ་པའི་ཁྱད་ལྡན་རིག་གནས་ཀྱི་གནས་བབས་སྔར་བས་མཐོ་རུ་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག