མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སའི2014ལོའི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ས་ཆ་ལེགས་སྒྲིག་རྣམ་གྲངས་ཀྱི་བསམ་འཆར་ཡི་གེར་གྲོང་ཁྱེར་རིམ་པའི་ཞིབ་བཤེར་གྱི་མཆོག་མཆན་ཐོབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-05-09 10:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོའི་སྤྱི་ཟླ5ཚེས6ཉིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཞིང་ལས་གསར་སྤེལ་གཞུང་དོན་ཁང་གིས་ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་དང་ཞིང་ལས་གསར་སྤེལ་གཞུང་དོན་ཁང་སོགས་ཀྱི་འབྲེལ་ཡོད་ཚན་པའི་མི་སྣ་སྒྲིག་འཛུགས་བྱས་ནས་ལྷ་སའི2014ལོའི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ས་ཆ་ལེགས་སྒྲིག་རྣམ་གྲངས་ཀྱི་བསམ་འཆར་ཡི་གེར་ཞིབ་བཤེར་བྱས་པ་རེད།

2014ལོའི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ས་ཆ་ལེགས་སྒྲིག་རྣམ་གྲངས་དེ་སྟག་རྩེ་རྫོང་དང་ཆུ་ཤུར་རྫོང་། མལ་གྲོ་གུང་དཀར་རྫོང་། ལྷུན་གྲུབ་རྫོང་། འདམ་གཞུང་རྫོང་བཅས་རྫོང་ལྔ་ཚུད་ཡོད་པ་དང་ས་ཆ་ལེགས་སྒྲིག་གི་མ་དངུལ་སྒོར་ཁྲི7000ལྷག་ཟིན་ཡོད། རྣམ་གྲངས་དེས་ཚད་མཐོའི་ས་ཞིང་མུའུ15000བསྐྲུན་རྒྱུ་དང་ཐོན་འབབ་འབྲིང་དམའི་ས་ཞིང་བསྒྱུར་བཀོད་མུའུ5000མངོན་འགྱུར་དང་སྐྱེ་དངོས་ཕྱོགས་བསྡུས་བཅོས་སྒྲིག་མུའུ10000མངོན་འགྱུར་བྱ་རྒྱུ། མི་བཟོས་རྩྭ་འདེབས་མུའུ6000ལེགས་གྲུབ་བྱ་རྒྱུ་དང་བ་གླང་རྒྱུད་སྤེལ་མགོ་གྲངས5000བྱ་རྒྱུ་ཡིན་པ་རེད། ལག་བསྟར་བྱས་རྗེས་ཞིང་འབྲོག་དུད་ཁྱིམ1907དང་མང་ཚོགས་མི་གྲངས8612ལ་ཕན་པ་བསྐྲུན་ཡོད་པ་རེད།

ཞིབ་བཤེར་བྱས་རྗེས། རྫོང་ལྔ་པོ་དེ་རྣམས་ཚང་མར་ཅུང་ལེགས་པའི་རྣམ་གྲངས་ལག་བསྟར་གྱི་ཁོར་ཡུག་དང་ཆ་རྐྱེན་འཛོམས་ཡོད་པ་མ་ཟད་ས་ཆ་ལེགས་སྒྲིག་ཐད་ཀྱི་ཉམས་མྱོང་ལྡན་ཡོད་པ་དང་རྣམ་གྲངས་འཛུགས་སྐྲུན་གྱི་རེ་བ་དང་མཐུན་ཡོད་པས་གྲོང་ཁྱེར་རིམ་པའི་ཞིབ་བཤེར་མཆོག་མཆན་བྱུང་ནས་རང་སྐྱོང་ལྗོངས་ཞིང་ལས་གསར་སྤེལ་གཞུང་དོན་ཁང་དུ་ཞིབ་བཤེར་ཆོག་མཆན་གནང་རྒྱུར་ཕུལ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག