མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ལྷ་ས་གྲོང་ཁྱེར་སྣེའུ་འདམ་རའི་སྤྱི་གླིང་བསྐྲུན་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-09 10:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྣེའུ་འདམ་རའི་སྤྱི་གླིང་བསྐྲུན་འགོ་ཚུགས་པ་དང༌། སྤྱི་གླིང་དེ་འདི་ལོའི་ནང་བསྐྲུན་ཚར་བ་བྱེད་རྩིས་ཡོད་པས་སྐབས་དེ་དུས་སྣེའུ་འདམ་རའི་སྤྱི་གླིང་གིས་སྣེའུ་ཁུལ་གསར་པའི་སྡོད་གནས་ཁོར་ཡུག་དང་གྲོང་ཁྱེར་གྱི་གཟུགས་བརྙན་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་རྒྱུ་རེད།

མ་དངུལ་སྒོར་ཁྲི་ཚོ1047བཏང་སྟེ་སྣེའུ་ཁུལ་གསར་པའི་ལྷ་ས་ནས་གོང་དཀར་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་རྒྱུད་དུ་རྒྱ་ཁྱོན་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ59ཡོད་པའི་འདམ་རའི་སྤྱི་གླིང་བསྐྲུན་རྩིས་ཡོད་པ་དེ་ནི། ལྷ་ས་གྲོང་ཁྱེར་གྱི་ད་ལོའི་སྲིད་གཞུང་ལས་དོན་སྙན་སྒྲོན་ནང་གཙོ་གནད་ཐོག་སྒྲུབ་དགོས་རྒྱུ་བཏོན་པའི་རྣམ་གྲངས་གྲས་ཤིག་རེད།

ངོ་སྤྲོད་གནང་བར་གཞིགས་ན། སྣེའུ་འདམ་རའི་སྤྱི་གླིང་དེ་རིག་སྐྲུན་ལོ་རྒྱུས་ཁུལ་དང༌། རང་བྱུང་སྐྱེ་ཁམས་ཁུལ། སྤྲོ་གསེང་ཁུལ་བཅས་ཁུལ་ཆེན་པོ་གསུམ་དུ་དབྱེ་ཡོད་པའི་ནང་། རིག་སྐྲུན་ལོ་རྒྱུས་ཁུལ་དུ་བོད་ཀྱི་རིག་གནས་མངོན་རྒྱུའི་ནང་དོན་གཙོ་བོ་བྱེད་པ་དང༌། རང་བྱུང་སྐྱེ་ཁམས་ཁུལ་དུ་སྐྱེ་ཁམས་ཀྱིས་ཁྱད་ཆོས་གཙོ་བོར་བརྩིས་ཏེ་འདམ་རའི་མཛེས་ལྗོངས་དང་། སྐྱེ་ཁམས་ཅན་གྱི་སྔོ་ཁེབས་ཀྱིས་ཞིབ་ཕྲའི་མངོན་ཚུལ་བྱེད་པ། སྤྲོ་གསེང་ཁུལ་གྱིས་གཙོ་བོ་གྲོང་མི་དང་ཡུལ་སྐོར་བར་གཅིག་བསྡུས་ཀྱི་བྱེད་སྒོ་སྤེལ་ས་དང་ཁོར་ཡུག་གཏོད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག