མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་སྲུང་བཅའ་ཁྲིམས་རང་ལྗོངས་སུ་ལག་བསྟར་བྱས་ཚུལ་ཐད་ཞིབ་བཤེར་བྱེད་འགོ་ཚུགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-09 10:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ5བའི་ཚེས6ཉིན། རྒྱལ་ཁབ་ཀྱི་གསང་བ་སྲུང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ཐད་ཞིབ་བཤེར་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་ཏེ། གསང་སྲུང་བཅའ་ཁྲིམས་རང་ལྗོངས་སུ་ལག་བསྟར་བྱས་ཚུལ་ཐད་ཞིབ་བཤེར་བྱེད་འགོ་ཚུགས་པ་རེད།

ད་རེས་གསང་སྲུང་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ཐད་ཞིབ་བཤེར་བྱེད་པའི་དམིགས་ཡུལ་ནི། ས་ཁུལ་ཁག་གིས་གསང་སྲུང་ལས་ཀའི་མཛད་ཕྱོགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། གསང་སྲུང་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་ལྟར་རྒྱལ་ཁབ་ཀྱི་གསང་བར་དོ་དམ་བྱེད་པ། གསང་བ་ཕྱིར་གྱར་རྒྱུ་སྔོན་འགོག་ནུས་ལྡན་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་བཅས་ཀྱི་ཐོག་ནས། རང་ལྗོངས་ཀྱི་གསང་བའི་བྱ་གཞག་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་གོང་འཕེལ་དེ་བས་ལྷག་པ་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་དེ་རེད།

ཞིབ་བཤེར་ཚོགས་ཆུང་གིས་གཙོ་གནད་ཐོག་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་ས་ཁུལ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་སྲུང་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ཐད་ཞིབ་བཤེར་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག