མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཀྲུང་གོའི་ཕུགས་འདུན་ལ་འཛིན་པའི་ཐུན་མོང་གི་ངོས་འཛིན་གང་ལེགས་མཚོན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-09 10:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་རྒྱུ་དེ་ནི་ཀྲུང་གོ་བ་དུང་ཕྱུར་བཅུ་གསུམ་གྱི་ཀྲུང་གོའི་ཕུགས་འདུན་ཞིག་རེད། བོད་ལྗོངས་ཀྱི་ཕུགས་འདུན་ནི་ཀྲུང་གོའི་ཕུགས་འདུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང༌། འབྱོར་ཕྱུག་དང་ཞི་མཐུན། བདེ་སྐྱིད། ཁྲིམས་སྐྱོང༌། ཤེས་དཔལ། མཛེས་སྡུག་བཅས་ནི་བོད་ལྗོངས་ཀྱི་ཕུགས་འདུན་གྱི་ཐུན་མོང་མ་ཡིན་པའི་དོན་སྤྱི་ཡིན་པས། ཐུན་མོང་གི་དམིགས་ཡུལ་དེ་མངོན་འགྱུར་ཡོང་བ་བྱ་ཆེད། བོད་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས། རང་ཉིད་ཀྱི་སྤྱིར་བཏང་ལས་གནས་ཐོག་དཀའ་སྤྱད་འབད་བརྩོན་བྱས་པ་དང་ཕུགས་འདུན་དེའི་ཆེད་དུ་སེམས་ཤུགས་དང་སྟོབས་ཤུགས་བཏོན་ནས་ཀྲུང་གོའི་ཕུགས་འདུན་སྒྲུབ་མཁན་ཞིག་ཏུ་འགྱུར་བ་བྱེད་དགོས་ཀྱི་རེད།

བོད་ལྗོངས་རླུང་འཕྲིན་ལས་ཁུངས་ཀྱིས་ང་ཡི་ཀྲུང་གོའི་ཕུགས་འདུན་ཞེས་པའི་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་ཏེ། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོའི་ཕུགས་འདུན་ལ་འཛིན་པའི་ཐུན་མོང་གི་ངོས་འཛིན་གང་ལེགས་མཚོན་པ་དང་། ཀྲུང་གོའི་ཕུགས་འདུན་གྱིས་རང་ལྗོངས་ཀྱི་བྱ་གཞག་ཁག་གོང་འཕེལ་དང་མང་ཚོགས་ཀྱི་ཐོན་སྐྱེད། འཚོ་བའི་ཐད་ཐོན་པའི་བསམ་པའི་འགུལ་ཤུགས་ཆེན་པོ་གང་ལེགས་མཚོན་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པའི་བརྒྱུད་རིམ་ནང་འཕོ་འགྱུར་མྱོང་ཚོར་དང་བདེ་སྐྱིད་མྱོང་ཚོར། གསར་འབྱེད་ཡར་བརྩོན། ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་། མི་སེམས་འགུལ་བའི་གཏམ་རྒྱུད་གང་ལེགས་མཚོན་པ་བཅས་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག