མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེ་ས་ཁུལ་གྱིས་ཐར་ཐོར་དུ་གནས་པའི་དྭ་ཕྲུག་དབང་པོ་སྐྱོན་ཅན་ཚོར་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-09 10:16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་ལྗོངས་གཞིས་རྩེ་ས་ཁུལ་གྱིས་ཐར་ཐོར་དུ་གནས་པའི་དྭ་ཕྲུག་དབང་པོ་སྐྱོན་ཅན་ཚོར་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ་དང༌། ས་ཁུལ་གྱི་འགོ་ཁྲིད་ཚན་ཁག་བཞི་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ལས་བྱེད་པས། ཁྱོན་ཞལ་འདེབས་དངུལ་སྒོར་ཁྲི་ཚོ20.8དྭ་ཕྲུག་དབང་པོ་སྐྱོན་ཅན་ཚོར་སྤྲད་ནས་སྲིད་གཞུང་གིས་ཁོ་ཚོར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་མཚོན་པ་རེད།

ཞལ་འདེབས་བྱེད་སྒོའི་ཐོག་གཞིས་རྩེ་ས་ཁུལ་དམངས་སྲིད་ཅུས་སོགས་འབྲེལ་ཡོད་ཚན་པས་སྒྲིག་ཁྲིམས་ནན་དུ་བཏང་ནས། གཏན་འབེབས་ལྟར་ཞལ་འདེབས་དངུལ་བསྡུ་ལེན་དང་མཁོ་སར་སྤྲོད་རྒྱུའི་ལས་དོན་ཡག་པོ་སྒྲུབ་རྒྱུ་མ་ཟད། ཞལ་འདེབས་བརྒྱབ་པའི་གནས་ཚུལ་ཚགས་པར་དང་བརྙན་འཕྲིན་སོགས་བརྒྱུད་སྤྱི་ཚོགས་ཡོངས་ལ་ཁྱབ་བསྒྲགས་བྱས་ཏེ། རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་ཞལ་འདེབས་དངུལ་རྣམས་དུས་ཐོག་དང་ཆད་ལུས་མེད་པར་གནས་ལ་འབྱོར་ཐུབ་པ་བྱས་ཏེ། དྭ་ཕྲུག་དབང་པོ་སྐྱོན་ཅན་ཚོར་དེ་བས་འཐུས་སྒོ་ཚང་བའི་སློབ་སྦྱོང་གི་ཆ་རྐྱེན་དང་འཚོ་བའི་འགན་སྲུང་མཁོ་འདོན་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།

 ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟ་གཞིས་རྩེ་ས་ཁུལ་དུ་ད་དུང་ཐར་ཐོར་དུ་གནས་པའི་དྭ་ཕྲུག་དབང་པོ་སྐྱོན་ཅན800ཙམ་ཡོད་པ་དེ་དག་གཙོ་བོ་ཞིང་འབྲོག་ས་ཁུལ་དུ་འཚོ་སྡོད་བྱེད་ཀྱི་ཡོད་པས་སྤྱི་ཚོགས་ཡོངས་ནས་རོགས་རམ་དེ་བས་མང་བ་བྱེད་དགོས་ཀྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག