མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

པ་སྣམ་རྫོང་གིས་ཞིང་ལས་འཕྲུལ་ཆས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-08 11:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བསྡོམས་རྩིས་རྒྱབ་པར་གཞིགས་ན། ད་ལོའི་སྤྱི་ཟླ3པའི་ཚེས15ཉིན་གྱི་ཚུན་དུ་བོད་ལྗོངས་གཞིས་རྩེ་ས་ཁུལ་པ་སྣམ་རྫོང་གི་ཤང11གིས་འཕྲུལ་རྨོས་འཕྲུལ་འདེབས་བྱེད་པའི་ནང་ཞུགས་ནས། བསྡོམས་པས་ས་ཞིང་མུའུ་ཁྲི1.8ལྷག་རྨོས་པ་དང་དུས་མཚུངས་ཞིང་དུད་ཁག་ཅིག་གིས་ད་དུང་ཞིང་སྤྱོད་འདྲུད་འཐེན་འཕྲུལ་འཁོར་ཉོས་ནས་འཕྲུལ་རྨོས་འཕྲུལ་འདེབས་བྱས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ཞིང་དུད་ཀྱིས་འཕྲུལ་ཆས་ཅན་གྱི་འདེབས་ལས་བྱེད་རྒྱུ་རིམ་བཞིན་དང་ལེན་བྱེད་རྒྱུར་འཁྲིད་སྟོན་བྱེད་ཆེད། པ་སྣམ་རྫོང་གིས་འོས་མཚམས་ཁ་གསབ་མ་དངུལ་སྤྲོད་པའི་སྲིད་ཇུས་བཟོས་པ་དང་། སྤྱི་ལོ 2013ལོར་ཁ་གསབ་བྱེད་ཚད50%ཟིན་ཡོད། སྤྱི་ལོ2014ལོར་སླེབས་དུས་ཞིང་འཕྲུལ་གྱིས་རྨོ་འདེབས་བྱེད་རྒྱུ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་རྒྱུ་དང་། སྤྱི་ལོ2012ལོར་སླེབས་དུས་ཕྱོགས་ཡོངས་ནས་ཁྲོམ་ར་ཅན་གྱི་འཁོར་སྐྱོད་ཐུབ་པ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག