མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་དུས་ཚིགས་དང་པོར་ལས་ཞུགས་བོད་སྐྱོར་ལས་གཞིས་ལས་གནས2000ལྷག་མཁོ་འདོན་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-08 11:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2013ལོའི་དུས་ཚིགས་དང་པོར་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། དེ་བཞིན་བོད་སྐྱོར་ཀྲུང་དབྱང་ཁེ་ལས་ཁག་བཅས་ཀྱིས། ཐེམ་ཁོངས་བོད་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས2250ལྷག་མཁོ་འདོན་བྱས་པ་དང་། སྤྱི་ཡོངས་ཀྱི་ལས་ཞུགས་གནས་ཚུལ་ན་ནིང་ལས་ཡག་པ་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ2013ལོའི་ལས་ཞུགས་བོད་སྐྱོར་ལས་དོན་སྤེལ་ཚུན་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། དེ་བཞིན་ཀྲུང་དབྱང་བོད་སྐྱོར་ཁེ་ལས་ཁག་གི་མཐོང་ཆེན་དང་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་ཡོད་པས། ལས་ཞུགས་བོད་སྐྱོར་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད་པ་རེད། ཧུའུ་ནན་ཞིང་ཆེན་དང་ཧྥུའུ་ཅན་ཞིང་ཆེན་གྱིས་ཆེད་མངགས་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་གནས་མཁོ་འདོན་བྱས་ཏེ། གནས་གཏན་འཁེལ་གྱིས་ཐེམ་ཁོངས་བོད་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་བསྡུ་བའི་ལས་དོན་སྤེལ་བ་རེད། དེང་སྐབས་རང་སྐྱོང་ལྗོངས་ལས་ཞུགས་བོད་སྐྱོར་གཞུང་ལས་ཁང་གིས། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། དེ་བཞིན་བོད་སྐྱོར་ཀྲུང་དབྱང་ཁེ་ལས་བཅས་དང་མཐུན་སྦྱོར་བྱས་པ་བརྒྱུད། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། དེ་བཞིན་ཀྲུང་དབྱང་ཁེ་ལས་ཁག་བཅས་ཀྱིས། སྤྱི་ཟླ5པའི་གཡས་གཡོན་དུ་ལས་ཞུགས་ལས་གནས་རང་སྐྱོང་ལྗོངས་ལས་ཞུགས་བོད་སྐྱོར་གཞུང་ལས་ཁང་ལ་མཁོ་འདོན་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག