མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་རྩེ་རྫོང་གིས་ཤིང་འཛུགས་ནགས་བཟོའི་ལས་དོན་ཁག་ཡག་པོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-08 11:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་གཞིས་རྩེ་ས་ཁུལ་ལྷ་རྩེ་རྫོང་གིས་དཔྱིད་རྨོས་དཔྱིད་འདེབས་ཀྱི་ཞིང་ལས་ཐོན་སྐྱེད་འགོ་མ་ཚུགས་གོང་དང་བསྟུན་ནས། འབྲེལ་ཡོད་ལག་རྩལ་མི་སྣ་དང་རྫོང་དེའི་ཤང་གྲོང་རྡལ་བཅུ་གཅིག་གིས་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ཏེ། ཤང་གྲོང་ཁུལ་སོ་སོའི་ས་སྟོང་གཙོ་བོ་ཁག་དང་རྫོང་གྲོང་གི་གཞུང་ལམ་དང་དེ་བཞིན318ཀྲུང་ནེ་གཞུང་ལམ་གྱི་གཡས་གཡོན་དུ་སྔོ་ལྗང་ཤིང་འཛུགས་ནགས་བཟོ་བྱས་པ་དང་། རྫོང་ནགས་ལས་ཅུས་ཀྱི་ལག་རྩལ་མི་སྣས་ལས་ཡུལ་དུ་ས་དོང་འདྲུ་བ་དང་ས་ཆ་འཁོད་སྙོམས་པ། ཆུ་གཏོང་བ་སོགས་ཐད་ཀྱི་ལག་རྩལ་མཛུབ་ཁྲིད་བྱས་ཐོག་ཆུ་དཀོན་པའི་ས་ཆར་ཆུ་ཡུར་གསར་བཟོ་དང་། ཆུ་གཏོར་རླངས་འཁོར་བཏང་སྟེ་ལྕང་མར་ཆུ་བཏང་བ་སོགས་བྱས་པས་ལྕང་མ་གསོན་ཚད90%ཡན་ཟིན་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ལྷ་རྩེ་རྫོང་གིས་ས་ཁོངས་གཙོ་བོར་སྐྱེ་ཁམས་དོ་སྙོམས་འཛུགས་སྐྲུན་དང་འགོག་སྲུང་ནགས་ཚལ་ཁོངས་གཏོགས་འཛུགས་སྐྲུན་སོགས་འདེབས་འཛུགས་རྣམ་གྲངས་མུའུ་ཁྲི3དང་ནགས་བཟོ་མུའུ4000ཟིན་པ་བྱེད་རྒྱུ་རེད། ད་ལོ་ལྷ་རྩེ་རྫོང་གིས་ཤིང་འཛུགས་ནགས་བཟོ་བྱེད་པར་བསྡོམས་པས་མ་དངུལ་སྒོར་ཁྲི2400གཏོང་རྩིས་ཡོད་པའི་ནང་། ལས་མིའི་གླ་ཆས་བསྡོམས་འབོར་གྱི57%ལྷག་ཟིན་གྱི་ཡོད་པ་དང་། ད་བར་ཞིང་འབྲོག་མང་ཚོགས་ལ་ཤིང་འཛུགས་ནགས་བཟོའི་ཐད་ནས་ཡོང་འབབ་བསྡོམས་པས་སྒོར་ཁྲི800ལྷག་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག