མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཞིང་གྲོང་གསར་པའི་འཛུགས་སྐྲུན་གྱི་ལས་གྲྭ་དངོས་སུ་ལས་འགོ་ཚུགས་པ།

རྩོམ་པ་པོ། ནོར་བུས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-05-06 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས18ཉིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གཟི་ཕུག་གྲོང་ཚོ་རྡོ་དཀར་ཙུའུ་ཡི་ཞིང་གྲོང་གསར་པ་འཛུགས་སྐྲུན་བྱེད་པའི་ལས་གྲྭ་དངོས་སུ་ལས་འགོ་ཚུགས་པ་དང་ལས་གྲྭ་དེར་ཁྱོན་མ་དངུལ་སྒོར་ཁྲི4500མ་འཇོག་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་གྲོང་ཚོའི་ཐེམས་གྲངས་46ལ་སྡོད་ཁང་གསར་རྒྱག་དང་། གྲོང་ཚོ་ཨུ་ཡོན་ལྷན་ཁང་། གྲོང་ཚོའི་འཕྲོད་བསྟེན་ཁང་། གྲོང་ཚོའི་བུ་བཅོལ་ཁང་། གཟི་ཕུག་ཕྱུགས་ཟོག་གསོ་ཚགས་ཁང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་རེད། ལས་གྲྭ་སྐྲུན་ཟིན་རྗེས་རྡོ་དཀར་ཙུའུ་ཡི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་འཐུས་ཚང་དང་ཁྱོན་ཡོངས་ནས་མང་ཚོགས་ཚོའི་ཐོན་སྐྱེད་འཚོ་བའི་ཆུ་ཚད་གོང་མཐོར་ཕྱིན་ནས་མལ་གྲོ་གུར་དཀར་རྫོང་གི་ཞིང་གྲོང་གསར་པའི་འཛུགས་སྐྲུན་གྱི་དཔེ་མཚོན་གྲོང་ཚོ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག