མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་གཟུགས་འདུས་རིག་གནས་ཀྱི་ཤུལ་བཞག་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་བཏང་བ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-06 10:28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། ལྷ་ས་གྲོང་ཁྱེར་གྱིས་གཟུགས་འདུས་རིག་གནས་ལ་ཞིབ་བཤེར་དང་། ཡིག་ཐོག་སྙན་ཞུ། རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་པ་བཅས་ཀྱི་བྱ་བ་ཧུར་ཐག་གིས་སྤེལ་བ་མ་ཟད། གྲུབ་འབྲས་ངེས་ཅན་ཞིག་ཐོབ།

མིག་སྔའི་བར་དུ། ལྷ་ས་གྲོང་ཁྱེར་དུ་བསྡོམས་པས་རིམ་པ་མི་འདྲ་བའི་གཟུགས་འདུས་རིག་གནས་ཀྱི་ཤུལ་བཞག་རྣམ་གྲངས་དོན་དྲུག་ཡོད་པ་དང་། གཟུགས་འདུས་རིག་གནས་ཀྱི་ཤུལ་བཞག་རྒྱུད་འཛིན་པ་མི་རེ་དྲུག་ཡོད། དེའི་ཁྲོད་དུ་རྒྱལ་ཁབ་རིམ་པའི་གཟུགས་འདུས་རིག་གནས་ཀྱི་ཤུལ་བཞག་རྣམ་གྲངས་ཉི་ཤུ་དང་། རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་སོ་གཅིག གྲོང་ཁྱེར་རིམ་པའི་རྣམ་གྲངས་ཉེར་ལྔ། རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་མི་བཅུ་གཉིས་དང་། རང་སྐྱོང་ལྗོངས་རིམ་པའི་རྒྱུད་འཛིན་པ་མི་ཉེར་གཅིག གྲོང་ཁྱེར་རིམ་པའི་རྒྱུད་འཛིན་པ་མི་སོ་གསུམ་ཡོད།

རྗེས་ཕྱོགས་སུ་ལྷ་ས་གྲོང་ཁྱེར་རིག་གནས་ཅུའུ་ཡིས་མུ་མཐུད་དུ་གྲོང་ཁྱེར་ཡོངས་ཀྱི་གཟུགས་འདུས་རིག་གནས་ཀྱི་ཤུལ་བཞག་ལ་ཞིབ་བཤེར་དང་། ཡིག་ཐོག་སྙན་ཞུ། རྒྱུད་འཛིན་དང་སྲུང་སྐྱོབ་སོགས་བྱེད་པའི་བྱ་བར་ཤུགས་སྣོན་དང་། སྔར་ལས་མང་བའི་གཟུགས་འདུས་རིག་གནས་ཤུལ་བཞག་གི་རྣམ་གྲངས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་གོ་རིམ་དུ་ཚུད་པར་བརྩོན་ལེན་བྱས་ཏེ། གཟུགས་འདུས་རིག་གནས་ཤུལ་བཞག་ལ་སྔར་ལས་ལྷག་པའི་རྒྱུད་འཛིན་དང་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག