མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁེ་གསུམ་གྲོང་མི་ཨུ་ཡོན་ལྷན་ཁང་གིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་མགྱོགས་པོ་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-03 10:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་ནང་བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཁེ་གསུམ་གྲོང་མི་ཨུ་ཡོན་ལྷན་ཁང་གིས་གནོད་མེད་སྐྱེ་ལྡན་སྔོ་ཚལ་འདེབས་འཛུགས་ཐོན་ལས་དང་གསོ་སྤེལ་ལས་རིགས། གསར་བརྗེའི་ཡུལ་སྐོར་ལས་རིགས་བཅས་གྲོང་མི་ཨུ་ཡོན་ལྷན་ཁང་གི་གཙོ་འཁྲིད་ཐོན་ལས་སུ་བརྩིས་ནས་གོང་འཕེལ་བཏང་བ་དང་ཆབས་ཅིག གུང་གསེང་རོལ་རྩེད་ལས་རིགས་གོང་འཕེལ་བཏང་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་མགྱོགས་པོ་བཏང་བ་རེད།

ད་ལྟ་དེང་རབས་ཀྱི་ཚད་གཞི་ཅན་གྱི་གནོད་མེད་སྐྱེ་ལྡན་སྔོ་ཚལ་དྲོད་ཁང་ཆེ་མོ30བཙུགས་ཟིན་པ་དང་། སྔོ་ཚལ་འཐུམ་སྒྲིལ་འཁོར་ཁང་དང་འཁྱགས་ཁང་འཛུགས་སྐྲུན་བྱས་ནས་སྔོ་ཚལ་ཐོན་སྐྱེད་ཀྱི་ཐོན་ལས་འཁོར་འབྲེལ་རགས་ཙམ་ཆགས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག