མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྔ་གཅིག་གུང་གསེང་རིང་བོད་ལྗོངས་ཀྱི་ཡུལ་སྐོར་སྣེ་ལེན་ཞུ་ཚད་ཇེ་མང་དུ་འགྲོ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-03 10:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས30ཉིན་ནི་ལྔ་གཅིག་གུང་གསེང་གི་ཉིན་གཉིས་པ་ཡིན་པ་དང་བོད་ལྗོངས་ཀྱི་ཡུལ་སྐོར་སྣེ་ལེན་ཞུ་ཚད་མང་དུ་འགྲོ་བའི་རྣམ་པ་ཐོན་ཡོད་པ་རེད། བོད་ལྗོངས་ཡུལ་སྐོར་ཅུས་ཀྱིས་རག་རྩིས་བརྒྱབ་པར་གཞིགས་ན། སྤྱི་ཚེས30ཉིན་གྱི་ཕྱི་དྲོའི་ཆུ་ཚོད4པའི་བར་ལྗོངས་ཡོངས་ཀྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས 62000ལྷག་ལ་སྣེ་ལེན་ཞུས་ཡོད་པ་རེད། བོད་ལྗོངས་ཡུལ་སྐོར་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ4པའི་ཚེས30ཉིན་གྱི་ཕྱི་དྲོའི་ཆུ་ཚོད4པའི་བར་ལྗོངས་ཡོངས་ཀྱིས་ཡུལ་སྐོར་ཞུ་གཏུག་ཐེངས་གསུམ་བདག་སྤྲོད་བྱས་པའི་ནང་། ཞུ་གཏུག་ཐེངས་གཉིས་བར་འདུམ་ཐག་གཅོད་འོས་འཚམས་བྱས་པ་དང་། ཞུ་གཏུག་གཞན་ཞིག་སྣེ་ཤན་པའི་ཞབས་ཞུའི་སྤུས་ཚད་ཀྱི་ཞུ་གཏུག་ཐག་གཅོད་བྱེད་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག