མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ལས་རྨས་འགན་བཅོལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-03 10:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས། ལྗོངས་ཡོངས་གི་ཁྱབ་ཁོངས་སུ་ལས་རྨས་འགན་བཅོལ་གྱི་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། ས་ཁུལ་ཁག་དང་ལྷ་ས་གྲོང་ཁྱེར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཚན་པའི་ཏང་ཡོན་ལས་བྱེད་པས་ཁྲོམ་གཞུང་དུ་བསྐྱོད་དེ། རྣམ་པ་འདྲ་མིན་ཐོག་ནས་མང་ཚོགས་ལ་ལས་རྨས་འགན་བཅོལ་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ2005ལོའི་སྤྱི་ཟླ1པོའི་ཚེས1ཉིན། བོད་ལྗོངས་ཀྱིས་ཁྱོན་ཡོངས་ནས་ལས་རྨས་འགན་བཅོལ་གྱི་སྤྱི་ཚོགས་གཅིག་འགྱུར་འཆར་འགོད་ཀྱི་འཆར་གཞི་ལག་བསྟར་བྱེད་སྒོ་བཙུགས་ཚུན། འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་ཚོ14ལྷག་ཟིན་ཡོད་པའི་ནང་། ལས་རྨས་ལས་བཟོ་པ2000ལྷག་ལ་ལས་རྨས་འགན་བཅོལ་གྱི་ཐེབས་རྩ་བརྒྱུད་ལས་རྨས་འགན་བཅོལ་གྱི་དངུལ་སྒོར་ཁྲི་ཚོ5200ལྷག་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག