མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལོ་ལྔ་ཚན་བཅུ་གཉིས་པའི་རིང་ཉིང་ཁྲི་ས་ཁུལ་ལ་རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱེད་རྒྱུའི་རྣམ་གྲངས་ཆེ་བ129ཡོད་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-05-03 10:03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་རྒྱལ་ཁབ་ནས་མ་དངུལ་བཏང་བའི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིང་ཁྲི་ས་ཁུལ་གྱིས་སྤྱིར་ན་ས་ཁུལ་དེ་ཡོངས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་རྣམ་གྲངས་གཏན་འཁེལ་ཟིན་པ་དང༌། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་ལོ་ལྔ་ཚན་བཅུ་གཉིས་པའི་འཛུགས་སྐྲུན་རྣམ་གྲངས་འཆར་འགོད་ཇུས་གཞིའི་ནང་། ཉིང་ཁྲི་ས་ཁུལ་དང་འབྲེལ་བ་ཡོད་པའི་རྣམ་གྲངས་ཆེ་བ129ཡོད་པ་དང༌། དེང་སྐབས་རྣམ་གྲངས89སྐྲུན་འགོ་ཚུགས་པ་དང༌། ད་ལོའི་དུས་ཚིགས་དང་པོར་མ་དངུལ་སྒོར་དུང་ཕྱུར57.7དོན་འཁྱོལ་ཟིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག