མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མངའ་རིས་སེང་གེ་ཁ་འབབ་གྲོང་བརྡལ་གྱི་ཆུ་སྙིགས་ཐག་གཅོད་བྱེད་པའི་བཟོ་གྲྭ་འཛུགས་སྐྲུན་བྱེད་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-05-03 10:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་རྣམ་གྲངས་གཙོ་བོ་སྟེ་བོད་ལྗོངས་མངའ་རིས་སེང་གེ་ཁ་འབབ་གྲོང་བརྡལ་གྱི་ཆུ་སྙིགས་ཐག་གཅོད་བྱེད་པའི་བཟོ་གྲྭ་དང་དྲ་བའི་ལྷུ་ལག་སྒྲིག་བཟོ་བྱེད་པའི་ལས་གྲྭ་དེ་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར། སེང་གེ་ཁ་འབབ་གྲོང་བརྡལ་གྱི་ཆུ་སྙིགས་ཐག་གཅོད་བྱེད་པའི་བཟོ་གྲྭ་དང་དྲ་བའི་ལྷུ་ལག་སྒྲིག་བཟོ་བྱེད་པའི་ལས་གྲྭ་དེ་ནི་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་འཛུགས་སྐྲུན་གྱི་རྣམ་གྲངས་གཙོ་བོ་ཡིན་པ་དང་འཛུགས་སྐྲུན་བྱེད་པའི་གཞི་རྒྱ་ནི་ཉེ་ཆར་ཉིན་རེར་ཆུ་སྙིགས་ཏུན་ཁྲི0.5ཐག་གཅོད་བྱེད་ཀྱི་ཡོད། མི་རིང་བར་ཉིན་རེར་ཆུ་སྙིགས་ཏུན་ཁྲི0.5ཐག་གཅོད་བྱེད་རྒྱུ་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པ་དང་ལྷུ་ལག་སྒྲིག་པའི་ཆུ་སྙིགས་དོ་དམ་གྱི་དྲ་བ་སྤྱི་ལེ39.8སྐྲུན་རྒྱུ་ཡིན་པ་རེད། རྣམ་གྲངས་དེར་བསྡོམས་པས་མ་འཇོག་སྒོར་དུང་ཕྱུར1བྱས་ཡོད་པ་དང་དེ་དག་ཆ་ཚང་རྒྱལ་ཁབ་ཀྱིས་མ་འཇོག་འཛུགས་སྐྲུན་བྱས་ཡོད་ལ་འཆར་གཞིར་ལོ་གཉིས་ནང་རྣམ་གྲངས་ཀྱི་འཛུགས་སྐྲུན་ཆ་ཚང་ལེགས་འགྲུབ་བྱུང་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག