མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

《བླ་རི》སོགས་རླུང་འཕྲིན་འཁྲབ་ཚན་ལ་བོད་ལྗོངས་ཀྱི“ལྔ་གཅིག་གི་ལས་གྲྭའི”བྱ་དགའ་ཐོབ་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ།  2013-04-30 09:40

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་དཔྱད་འདེམས་བྱས་པའི་རང་སྐྱོང་ལྗོངས་ཀྱི་སྐབས་བཞི་པའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི“ལྔ་གཅིག་གི་ལས་གྲྭའི”བྱ་དགའ་ཐོབ་པའི་རྣམ་གྲངས་ནང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གསར་རྩོམ་བྱས་ནས་སྤེལ་གཏོང་བྱས་པའི་རླུང་འཕྲིན་རྒྱུན་མཐུད《གླུ་ཞིག་ལེན་ནས་ཏང་ལ་ཕུལ》ཞེས་པ་དང་《མཁའ་ལམ་དུ་སྐལ་བཟང་མེ་ཏོག་བཞད།》《བཀྲ་ཤིས་པའི་སྤྲིན་དཀར》《བླ་རི》བཅས་རླུང་འཕྲིན་འཁྲབ་ཚན་བཞིར་རང་སྐྱོང་ལྗོངས་ཀྱི་སྐབས་བཞི་པའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི“ལྔ་གཅིག་གི་ལས་གྲྭའི”བྱ་དགའ་ཐོབ་པ་རེད།

རླུང་འཕྲིན་འཁྲབ་ཚན་བཞི་པོ་འདི་དག་ནི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་རིག་རྩལ་ལེ་ཚན་ནང་གཏོང་སྤེལ་བྱས་རྗེས་རྒྱ་ཆེའི་རླུང་འཕྲིན་གསན་པ་པོའི་གདེང་འཇོག་ལེགས་པོ་ཐོབ་པ་མ་ཟད་ཐེངས་མང་བསྐྱར་གཏོང་བཀོད་སྒྲིག་བྱས་པ་དང་དེའི་ཁྲོད《མཁའ་ལམ་དུ་སྐལ་བཟང་མེ་ཏོག་བཞད།》སོགས་བོད་ཡིག་རླུང་འཕྲིན་དུ་བསྒྱུར་བཟོ་བྱས་པ་མ་ཟད་བོད་སྐད་རླུང་འཕྲིན་གྱི་རིག་རྩལ་ལེ་ཚན་གཏོང་སྤེལ་བྱས་པ་རེད། རང་སྐྱོང་ལྗོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི“ལྔ་གཅིག་གི་ལས་གྲྭའི”བྱ་དགའ་ནི་རང་སྐྱོང་ལྗོངས་ཀྱི་རིག་རྩལ་གསར་གཏོད་ཀྱི་བྱ་དགའ་ཆེ་ཤོས་ཡིན་པ་རེད། འདི་ནི་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་རིག་གནས་འཕེལ་རྒྱས་ཆེ་མོ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་རིམ་ཁག་ཡིག་ཆའི་དགོངས་དོན་དང་། རིག་རྩལ་གསར་གཏོད་ལ་དམ་འཛིན་དང་རྩེར་སོན་གྱི་ལས་གྲྭ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཐོབ་པའི་གལ་ཆེའི་གྲུབ་འབྲས་ཞིག་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག