ཟློས་གར་ཆེན་མོ་བརྒྱད་ཀྱི་གར་སྟེགས་འཁྲབ་གཞུང་གི་འོད་སྡེར་ཐོག་མ་འགྲེམ་སྤེལ་བྱེད་པའི་མཛད་སྒོ།
ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་ཟློས་གར་འཁྲབ་སྟོན་བྱེད་བཞིན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ་བཞི་པའི་ཚེས་བཅུ་བདུན་ཉིན། ལྷ་ས་གྲོང་ཁྱེར་མཁར་གྲོང་གྲོང་ཁུལ་གྱི་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ཀྱི་གར་སྟེགས་འཁྲབ་གཞུང་གི་འོད་སྡེར་ཐོག་མ་འགྲེམ་སྤེལ་བྱེད་པའི་མཛད་སྒོ་དེ་རྫོང་རྒྱབ་ཀླུ་ཁང་དུ་བསྡུས་པ་རེད། བོད་ལྗོངས་རིག་གནས་ཐིན་གྱིས་ལྷ་ས་གྲོང་ཁྱེར་མཁར་གྲོང་གྲོང་ཁུལ་གྱི་ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དེ“གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྒྱུན་འཛིན”གྱི་སྔོན་ཐོན་ལས་ཁུངས་སུ་བདམས་པ་རེད།
ཉང་བྲན་དམངས་ཁྲོད་སྒྱུ་རྩལ་ཚོགས་པས2003ལོ་ནས་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་སླར་གསོ་བྱེད་འགོ་བརྩམས་ཤིང་། བོད་ལྗོངས་ཀྱི་དབང་གྲགས་ཅན་གྱི་སྒྱུ་རྩལ་པ་རྒན་པ་དང་ཆེད་མཁས་སོགས་གདན་འདྲེན་བྱས་ནས་ལོ་དགུའི་རིང་ལ་ཟློས་གར་ཆེན་མོ་བརྒྱད་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པས། བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ཆ་ཚང་བོར་སླར་གསོ་དང་འཁྲབ་སྟོན་བྱེད་ཐུབ་པ་རེད།