མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོའི་དུས་ཚིགས་དང་པོར་བོད་ལྗོངས་ཀྱིས་དབུལ་སྐྱོར་དང་ཞིང་ལས་གོང་འཕེལ་གྱི་ལས་ཀའི་འགོ་ཡག་པོ་བཙུགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-28 11:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་དུས་ཚིགས་དང་པོར་བོད་ལྗོངས་ཀྱིས་དབུལ་སྐྱོར་དང་ཞིང་ལས་གོང་འཕེལ་གྱི་ལས་ཀའི་འགོ་ཡག་པོ་བཙུགས་ཡོད་པ་རེད། སྤྱི་ཟླ3པའི་ཟླ་མཇུག་བར་བོད་ལྗོངས་ཀྱི་དབུལ་སྐྱོར་དང་ཞིང་ལས་གོང་འཕེལ་ཐད་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར10.9ཆོག་མཆན་སྤྲད་ནས་གཤམ་སྤྲོད་བྱས་པ་དེ། ན་ནིང་གི་དུས་མཚུངས་པ་ལས་སྒོར་དུང་ཕྱུར3.2མང་དུ་ཕྱིན་པ་དང29.36%འཕར་བ་རེད། ལོ་ཧྲིལ་པོའི་འཆར་གཞིའི་མ་འཇོག་གཤམ་སྤྲོད་ཀྱི77.44%ལེགས་སྒྲུབ་བྱུང་ཡོད་པ་རེད། ད་ལོའི་ཚུན་དུ་བོད་ལྗོངས་ཀྱིས་དབུལ་སྐྱོར་དང་ཞིང་ལས་གོང་འཕེལ་ལས་ཀའི་རྣམ་གྲངས་སྔ་ཙམ་འཛུགས་སྐྲུན་དང་། ཞིང་འབྲོག་མང་ཚོགས་ལ་སྔ་ཙམ་ཕན་ཐོབ་པ་བྱེད་པའི་ལས་ཀའི་ལམ་ལུགས་བཟོ་ཤུགས་ཆེ་རུ་གཏོང་བ་མ་ཟད། ལྷག་པར་དུ་དབུལ་སྐྱོར་གསར་སྤེལ་ལག་བསྟར་བྱས་པའི་དུད་ཚང་ལ་རོགས་སྐྱོར་བྱེད་རྒྱུ་གཙོ་བོ་བྱེད་པའི་དུས་ཚོད་ཐུང་བ་དང་དོ་སྙོམས་པ། མགྱོགས་པ་བཅས་ཀྱི་རྣམ་གྲངས་ཀྱིས་དབུལ་ཕོངས་མང་ཚོགས་ལ་དུས་ཚོད་ཐུང་ཐུང་ནང་ཕན་པ་ཐོབ་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གིས་གོམ་སྟབས་རྗེས་མར་ལོ་ཧྲིལ་པོར་དབུལ་སྐྱོར་བྱེད་ཡུལ་མི་གྲངས་ཁྲི་ཚོ12.8ཉུང་དུ་གཏོང་བ་དང་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་ཚོ10གསར་དུ་སྐྲུན་པ། དབུལ་སྐྱོར་བྱེད་ཡུལ་དང་ཞིང་ལས་གོང་འཕེལ་ཁུལ་གྱི་མང་ཚོགས་ཀྱི་ཆ་སྙོམས་མི་རེའི་ཁེ་གཙང་ཡོང་འབབ15%ཡན་འཕར་བའི་དམིགས་ཚད་དང་དམ་པོར་བསྟུན་ནས་མུ་མཐུད་ལས་དོན་སྤེལ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག