མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་ལས་ཁུངས་ཁག་གིས་གནོད་འཚེ་འཕོག་ཁུལ་ལ་ཞལ་འདེབས་རྒྱབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-28 11:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས25ཉིན། བོད་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་། སློབ་གསོ་ཐིན་གྱིས་ཐིན་ཐད་གཏོགས་ཀྱི་ལས་བྱེད་པ་དང་ལས་བཟོ་པ་ཡོངས་སྒྲིག་འཛུགས་བྱས་ཏེ། སི་ཁྲོན་ལུའུ་ཧྲན་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དང་། བོད་ཀྱི་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་བྱིས་པར་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ་དང་། རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པས་ཚང་ཁ་ཤིག་ཤིག་ངང་ཞལ་འདེབས་རྒྱབ་པར། བསྡོམས་པས་ཞལ་འདེབས་མ་དངུལ་སྒོར་ཁྲི155ལ་སླེབས་ཡོད་པ་རེད།

བོད་ལྗོངས་བཟོ་ལས་ཆ་འཕྲིན་ཐིན་གྱིས་ལས་བྱེད་པ་དང་ལས་བཟོ་པ་ཡོངས་སྒྲིག་འཛུགས་བྱས་ཏེ། ལུའུ་ཧྲན་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་ལ་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་ནས། ཞལ་འདེབས་སྒོར་ཁྲི22200ལྷག་ཞལ་འདེབས་རྒྱབ་ཡོད་པ་རེད།

ཉེ་དུས། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ལས་ཁུངས། སློབ་གྲྭ་བཅས་ཀྱི་ལས་བྱེད་པ་ལས་བཟོ་པ་དང་དགོན་སྡེའི་གྲྭ་བཙུན་མཉམ་སྡེབས་ཀྱིས། སི་ཁྲོན་ལུའུ་ཧྲན་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་ཞལ་འདེབས་རྒྱབ་པར་བསྡོམས་པས་ཞལ་འདེབས་སྒོར་ཁྲི18ཞལ་འདེབས་རྒྱབ་ཡོད་པ་དང་། ཞལ་འདེབས་བྱེད་སྒོར་འབྱོར་མེད་པའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ད་དུང་མུ་མཐུད་ཞལ་འདེབས་རྒྱབ་བཞིན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག