མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་འགན་སྲུང་གི་ལས་དོན་ཁག་ཡག་པོ་སྤེལ་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-28 11:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། གསར་འགོད་པས་བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་བོད་ལྗོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཚན་པས། དམངས་ཀྱི་འཚོ་བར་ཕན་པ་སྒྲུབ་པ་དང་དམངས་ཀྱི་འཚོ་བའི་སེམས་ཁྲལ་མང་ཙམ་སེལ་ནས། དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པའི་ལས་དོན་ཏན་ཏིག་སྤེལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་སྲིད་ཇུས་མ་ལག་འཛུགས་སྐྲུན་བྱས་པས། སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་པའི་སྤྱིའི་མི་གྲངས་དང་ཐེབས་རྩ། གཏོང་སྒོ་བཅས་ཚང་མ་ན་ནིང་གི་དུས་མཚུངས་པ་ལས་ཅུང་འཕར་སྣོན་བྱུང་ཡོད་པ་རེད།

སྤྱི་ཟླ1པོ་ནས3པའི་བར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་རྩ་འཛུགས་ཚན་པ་དང་དེའི་ལས་དོན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁེ་གཉེར་ཚོང་དུད། སྟབས་བསྟུན་ལས་ཞུགས་མི་སྣ་སོགས་འགན་བཅོལ་ནང་ཞུགས་པའི་ཆ་རྐྱེན་ཚང་བའི་མི་སྣ་སྤྱི་ཚོགས་འགན་བཅོལ་གྱི་ཁྱབ་ཁོངས་ནང་བཅུག་པ་དང་། ཉེན་ཁ་ཆེ་བའི་ལས་རིགས་དང་ཞིང་འབྲོག་མང་ཚོགས་ལས་མི་རྣམས་ལས་རྨས་འགན་བཅོལ་ནང་ཞུགས་རྒྱུར་སྐུལ་འདེད་བཏང་བས་སྤྱི་ཚོགས་འགན་བཅོལ་ནང་ཞུགས་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།

དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཁག་ནང་ཞུགས་པའི་མི་ཐེངས་ཁྲི་ཚོ246ལྷག་ཟིན་ཡོད་པ་དེ། ན་ནིང་གི་དུས་མཚུངས་པ་ལས་མི་ཐེངས་ཁྲི་ཚོ31ལྷག་མང་དུ་ཕྱིན་ཡོད་པ་དང་། སྤྱི་ཚོགས་འགན་བཅོལ་ཁག་གི་ཐེབས་རྩ་སྒོར་དུང་ཕྱུར5ལྷག་བསྡུས་ཡོད་པ་དེ་ན་ནིང་གི་དུས་མཚུངས་པ་ལས་སྒོར་ཁྲི་ཚོ8000མང་དུ་ཕྱིན་ཡོད་པ། སྤྱི་ཚོགས་འགན་བཅོལ་ཁག་གི་གཏོང་སྒོ་སྒོར་དུང་ཕྱུར7.1ཟིན་པ་དེ། ན་ནིང་གི་དུས་མཚུངས་པ་ལས་སྒོར་དུང་ཕྱུར1.1མང་དུ་ཕྱིན་པ་བཅས་བྱུང་ཡོད་པ་དང་དུས་མཚུངས། རིམ་པ་ཁག་གི་སྤྱི་ཚོགས་འགན་བཅོལ་ལས་གཉེར་ཚན་པས་རྒྱུན་ཆད་མེད་པར་སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩ་བསྡུ་ཤུགས་ཆེ་རུ་བཏང་ནས། ཐེབས་རྩའི་དོ་དམ་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་བདེ་འཇགས་འགན་སྲུང་བྱས་པ་རེད།

བོད་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཚན་པས། སྤྱི་ཚོགས་འགན་བཅོལ་གྱི་ཁྱབ་རྒྱ་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་དང་། སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་ཁེ་ལས་སུ་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ། དེ་བས་མང་བའི་སྤྱི་ལ་དབང་བའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱི་ལས་དོན་པ་དང་ཁེ་གཉེར་བཟོ་ཚོང་དུད་ཚང་། སྟབས་བསྟུན་ལས་ཞུགས་མི་སྣ། ཞིང་འབྲོག་ལས་མི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་བཅས་སྤྱི་ཚོགས་འགན་བཅོལ་ནང་ཞུགས་རྒྱུར་འཁྲིད་སྟོན་ཧུར་ཐག་བྱེད་པ། སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩ་བསྡུ་བ་དང་ཆད་ལུས་གཙང་སེལ་བྱེད་ཤུགས་ཆེ་རུ་གཏོང་བ། སྨན་བཅོས་འགན་བཅོལ་ལམ་ལུགས་བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་གཏོང་བ། སྔར་ལས་ལྷག་པའི་སྒོ་ནས་ལས་རྨས་འགན་བཅོལ་ལམ་ལུགས་དང་བུ་བཙའི་འགན་བཅོལ་ལམ་ལུགས། ལས་ཤོར་འགན་བཅོལ་ལམ་ལུགས་བཅས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་འགན་བཅོལ་ལས་སྒོའི་ལས་གཉེར་ནུས་པ་མཐོ་རུ་གཏོང་བ་དང་སྤྱི་ཚོགས་འགན་བཅོལ་ཁྱབ་རྒྱ་ཆེ་རུ་ཧུར་ཐག་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག