ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་ལྗོངས་ལྷོ་ཁ་ས་ཁུལ་གུང་གཞོན་སྡེ་ཚོགས་ཟངས་རི་རྫོང་ཨུ་ཡོན་ལྷན་ཁང་དང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས། རྫོང་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་དྲོད་ཁང་ནང་སྔོ་ཚལ་འདེབས་འཛུགས་ལག་རྩལ་སྦྱོང་བརྡར་འཛིན་གྲྭ་བཙུགས་པ་དང་། ཞིང་འབྲོག་པ་མི་ཐེངས200ལྷག་སྦྱོང་བརྡར་ནང་ཞུགས་ཡོད་པ་རེད། སྦྱོང་བརྡར་ནང་ཞུགས་མཁན་གྱི་མི་སྣས་སྔོ་ཚལ་གྱི་སོན་མྱུག་གསོ་སྤེལ་དང་འདེབས་འཛུགས་དོ་དམ། ནད་དང་འབུའི་གནོད་པ་འགོག་སེལ་སོགས་ཀྱི་ཤེས་བྱ་སློབ་སྦྱོང་བྱས་པ་རེད། །