མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲི་ས་ཁུལ་གྱིས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-28 11:00

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། གསར་འགོད་པས་བོད་ལྗོངས་ཉིང་ཁྲི་ས་ཁུལ་ཞིང་འབྲོག་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ཁྲི་ས་ཁུལ་གྱི་ཞིང་འབྲོག་ལས་ཐོན་སྐྱེད་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་ལས་ཐོན་སྐྱེད་ལ་ཞབས་ཞུ་བྱེད་པའི་སྤུས་ཚད་དང་ཆུ་ཚད་གོང་མཐོར་གཏོང་བ། ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱ་ཆེད། ས་ཁུལ་ཞིང་འབྲོག་ཅུས་ཀྱིས་ཞིང་ཕྱུགས་ཐོན་རྫས་ཐོན་འཕར་དང་ཞིང་འབྲོག་མང་ཚོགས་འབབ་འཕར། ཞིང་འབྲོག་ལས་ཕན་འཕར་བཅས་ཀྱི་གཞི་རྩའི་དམིགས་ཚད་དང་དམ་པོར་བསྟུན་ནས། གོང་རིམ་ནས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་བརྩོན་ལེན་ཧུར་ཐག་བྱས་ཏེ། སྤྱི་ལོ2009ལོ་ནས2012ལོ་བར་ཁྱོན་མ་དངུལ་སྒོར་ཁྲི་ཚོ2615བཏང་ནས་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟ་ཉིང་ཁྲི་ས་ཁུལ་གྱིས་ཉིང་ཁྲི་དང་སྨན་གླིང་རྫོང་གཉིས་ཀྱི་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་ཞིབ་བཤེར་ས་ཚུགས་དང་། རྫོང་རིམ་པ་དང་ཤང་གྲོང་རྡལ་གྱི་ཕྱུགས་ནད་སྔོན་འགོག་ས་ཚུགས། སྤོ་བོ་རྫོང་གི་ཞིང་ལས་གནོད་ལྡན་སྐྱེ་དངོས་སྔོན་བརྡ་ཚོད་འཛིན་ས་ཁོངས་ས་ཚུགས། ས་ཁུལ་སྲོག་ཆགས་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས། ཤང་གྲོང་རྡལ་གྱི་སྲོག་ཆགས་རིམས་ནད་སྔོན་འགོག་ཞིབ་བཤེར་ས་ཚུགས54སྣང་རྫོང་དང་ཀོང་པོ་རྒྱ་མདའ་རྫོང་། སྨན་གླིང་རྫོང་། སྤོ་བོ་རྫོང་བཅས་ཀྱི་ཞིང་འབྲོག་ལག་རྩལ་ཁྱབ་གདལ་ཞབས་ཞུའི་མ་ལག སྔོ་ཁེབས་སྲུང་སྐྱོབ་དང་ཞིབ་བཤེར་ལས་གཞི་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལེགས་འགྲུབ་ཟིན་པ་དང་། རྣམ་གྲངས་དེ་དག་འཛུགས་སྐྲུན་བྱས་པ་དེས། ཉིང་ཁྲི་ས་ཁུལ་གྱི་ཞིང་འབྲོག་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས། ས་ཁུལ་དེའི་ཞིང་འབྲོག་ལས་ལག་རྩལ་གྱིས་ཞིང་འབྲོག་ལས་ཐོན་སྐྱེད་ལ་ཞབས་ཞུ་དང་། ཚབས་ཆེའི་རིམས་ནད་སྔོན་འགོག་དང་རིམས་ནད་ལྟ་ཞིབ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ། རང་བྱུང་གནོད་འཚེ་སྔོན་འགོག་བཅོས་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཐུབ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག