ལས་དོན་རུ་ཁག་གི་རུ་མི་དང་གྲོང་མིས་དྲོད་ཁང་ནང་སྔོ་ཚལ་ལ་ཆུ་རྒྱག་བཞིན་པ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ནག་ཆུ་ས་ཁུལ་ཤན་རྩ་རྫོང་ཁྱག་ཤང་གྲོང་ཚོ་དྲུག་པའི་རྒྱ་མཚོའི་ངོས་ཀྱི་མཐོ་ཚད་རྨིད5200ཡན་ཟིན་གྱི་ཡོད་པ་དང་། དེ་སྔོན་གྲོང་ཚོ་དེ་གའི་གྲོང་མི་ཚོས་སྔོ་ཚལ་འདེབས་འཛུགས་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་ཡོད། ད་ཆ་གྲོང་ཚོ་དེར་བཅའ་སྡོད་ལས་དོན་རུ་ཁག་གིས་རོགས་རམ་འོག ཉི་འོད་དྲོད་ཁང་ནང་རང་ལ་དགོས་པའི་སྔོ་ཚལ་འདེབས་འཛུགས་བྱེད་རྒྱུ་བྱུང་ཡོད་པ་རེད། །