མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་གྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར61.37ཟིན་ཡོད།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-27 10:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས24ཉིན་གྱི་ཕྱི་དྲོ། བོད་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཆེ་དགྲ་ལྷས་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱི་དུས་ཚིགས་དང་པོའི་དཔལ་འབྱོར་ཁོར་རྒྱུགས་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་། དུས་ཚིགས་དང་པོར་གྲོང་ཁྱེར་ཡོངས་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར61.37ལེགས་གྲུབ་བྱས་པ་དེ། ལོ་གོང་མའི་དུས་མཚུངས་པ་ལས15.6%འཕར་བ་དང་དཔལ་འབྱོར་གྱི་སྤྱི་ཡོངས་གོང་འཕེལ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

 ཆེ་དགྲ་ལྷས་སྤྱི་ལོ2013ལོའི་ལྷ་ས་གྲོང་ཁྱེར་གྱི་དྲོད་མཁོ་འདོན་གྱི་ཚོད་ལྟའི་ལས་གཞི་འཛུགས་སྐྲུན་དང་། གཉེར་སྐྱོང་དོ་དམ་གྱི་ལག་བསྟར་བྱ་ཐབས་ཀྱི་དགོངས་སྐོར་སྙན་ཞུ་གསན་རྗེས། ནུས་ཤུགས་ཡོད་རྒུས་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་དྲོད་མཁོ་འདོན་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཆེ་དགྲ་ལྷས་ཁྲིམས་སྐྱོང་ལ་བརྟེན་ནས་གྲོང་ཁྱེར་བརྟན་ལྷིང་ཡོང་བ་བྱེད་པའི་འཐབ་ཇུས་ལ་སྐུལ་འདེད་གཏིང་གཟབ་གཏོང་བ་དང་། དུས་བདེ་དང་ཁྲིམས་སྐྱོང་གི་ལྷ་ས་འཛུགས་སྐྱོང་བྱེད་པའི་བསམ་འཆར་གསན་རྗེས། དུས་བདེ་གཏོད་པའི་ལས་ཀའི་མཐུན་རྐྱེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་མོས་བྱེད་ཚད་སྔར་བས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་ཁྲིམས་ལུགས་ཀྱི་འདུ་ཤེས་དང་ཁྲིམས་འཛིན་གྱི་ལྟ་བ་སྔར་བས་གཟབ་ཏུ་བཏང་ཐོག ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རིམ་རྨང་གཞི་བརྟན་དུ་བཏང་ནས། བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བ། མཛེས་པའི་ཁྱིམ་གཞིས་དང་བདེ་སྐྱིད་ཀྱི་ལྷ་ས་འཛུགས་སྐྲུན་བྱ་ཆེད། ཁྲིམས་སྐྱོང་འཐབ་ཇུས་ཀྱི་ལམ་བུ་གསར་པ་ཞིག་གི་ཐོག་སྐྱོད་དགོས་པའི་མཛུབ་སྟོན་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག