མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལས་དོན་གོམས་སྟབས་བརྟན་པོས་སྐུལ་སྤེལ་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-27 10:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལས་དོན་དེ། དཔལ་འབྱོར་གོང་འཕེལ་གཏོང་བའི་གལ་ཆེའི་ཐབས་ལམ་ཞིག་ལ་བརྩིས་ཏེ། འབྲེལ་ཡོད་ཚན་པ་ཁག་དང་མཉམ་འབྲེལ་བྱ་སྤྱོད་སྤེལ་ནས། རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་དུས་ཚིགས་དང་པོར་ཆབ་མདོ་ས་ཁུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར11ཟིན་ཡོད་པ་རེད།

བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.2བཏང་བའི་བོད་ཀྱི་སྦུག་ལམ་ལས་གཞི་ཨང་དང་པོ་སྟེ། ཆབ་མདོ་གྲོང་རྡལ་རྒྱལ་ཁ་ཁྲོམ་གཞུང་གི་སྦུག་ལམ་ཚ་ཚ་འུར་འུར་ངང་བསྐྲུན་བཞིན་ཡོད་པ་དང་། སྤྱི་ཟླ6པའི་ཟླ་མཇུག་ཏུ་སྦུག་ལམ་ཤར་གཏོང་ཐུབ་བཟོ་ཡོད་པ་རེད། ཆབ་མདོ་གྲོང་རྡལ་རྒྱལ་ཁ་ཁྲོམ་གཞུང་གི་སྦུག་ལམ་ལས་གཞི་དང་འབྲེལ་མཐུད་བྱས་པའི་ས་ཁུལ་རིམ་པའི་གཙོ་གནད་ལས་གཞི་དང་། ཆབ་མདོ་གྲོང་རྡལ་གྱི་གྲོང་ཁུལ་རྙིང་པའི་བསྒྱུར་བཟོའི་རྣམ་གྲངས་ཏེ། ཨོ་ལུང་ཁྲོམ་གཞུང་དང་པོའི་ས་ཆ་གསར་སྤེལ་འཛུགས་སྐྲུན་དང་ཆབ་མདོ་གྲོང་རྡལ་རྒྱལ་ཁ་ཟམ་ཆེན་སོགས་རྣམ་གྲངས་ཀྱི་འཕེལ་རིམ་བདེ་བླག་བྱུང་བ་རེད། ཨོ་ལུང་ཁྲོམ་གཞུང་དང་པོའི་ས་ཆ་གསར་སྤེལ་འཛུགས་སྐྲུན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར1.5བཏང་ཡོད་པ་དང་རྣམ་གྲངས་དེ། དུས་སང་ལོ་སྟོད་དུ་ལས་མཇུག་སྒྲིལ་ནས་རྩིས་སྤྲོད་བེད་སྤྱོད་ཐུབ་རྒྱུ་དང་། ལོ་སྨད་དུ་དུད་ཚང40ལྷག་ཙམ་གསར་སྤེལ་ཁུལ་དེར་གནས་སྤོ་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཆབ་མདོ་ས་ཁུལ་གྱིས་གཞི་རྩའི་འཛུགས་སྐྲུན་ཐད་རྣམ་གྲངས223དང་ཡན་ལག་རྣམ་གྲངས1593བཀོད་སྒྲིག་འཆར་འགོད་བཟོས་ཡོད་པ་དང་། ལོ་འཁོར་མོར་མ་དངུལ་སྒོར་དུང་ཕྱུར189གཏོང་རྩིས་ཡོད་པའི་ནང་སྒོར་དུང་ཕྱུར150དོན་འཁྱོལ་ཟིན་པ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག