མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་ས་གྲོང་ཁྱེར་གྱིས་ལྷ་སའི་དཀྱིལ་ཆུ་རྒྱུགས་ཁུལ་གྱི་ཉ་རིགས་སྲུང་སྐྱོབ་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-27 10:34

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་ལྷ་ས་དཀྱིལ་ཆུ་རྒྱུགས་ཁུལ་དུ་དུས་མཚམས་རང་བཞིན་གྱི་ཉ་བཟུང་མཚམས་འཇོག་པ་ནས་ཁྱོན་ཡོངས་ནས་ཉ་འཛིན་མི་ཆོག་པ་བཟོས་ཏེ་ནུས་ཤུགས་ཡོད་རྒུས་ཉ་རིགས་སྲུང་སྐྱོབ་བྱེད་བཞིན་ཡོད་པ་རེད།

ལྷ་ས་དཀྱིལ་ཆུའི་ཉ་རིགས་སྲུང་སྐྱོབ་བྱ་ཆེད་སྤྱི་ལོ2003ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་མལ་གྲོ་གོང་དཀར་དང་སྟག་རྩེ་རྫོང་གི་བརྒྱུད་དུ། ལོ་རེའི་སྤྱི་ཟླ4པ་ནས7པ་བར་ཉ་བཟུང་མཚམས་འཇོག་གི་ཡོད་པ་རེད། སྤྱི་ལོ2012ལོའི་ཟླ་བ8པར་ལྷ་ས་གྲོང་ཁྱེར་གྱིས་ཉ་རིགས་སྲུང་སྐྱོབ་བྱེད་པའི་བྱ་ཐབས་ལག་བསྟར་བྱེད་འགོ་བཙུགས་ཏེ། ལྷ་ས་དཀྱིལ་ཆུ་རྒྱུགས་ཁུལ་དུ་ཁྱོན་ཡོངས་ནས་ཉ་འཛིན་མི་ཆོག་པ་བཟོས་ཡོད། བྱ་ཐབས་དེ་བདེ་བླག་ངང་ལག་བསྟར་བྱ་ཆེད་ལྷ་ས་གྲོང་ཁྱེར་གྱིས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། གྲོང་མིའི་ཉ་རིགས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མཐོ་རུ་བཏང་བ། འཐེར་འདོན་ཁ་པར་བཙུགས་པ། ཁྲིམས་འགལ་ངང་ཉ་བཟུང་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་བཅས་བྱས་ནས། ཉ་རིགས་འཚོ་གནས་ཀྱི་ཁོར་ཡུག་སྲུང་སྐྱོབ་ནུས་ལྡན་བྱས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་ཞིང་འབྲོག་ཅུས་ཕྱུགས་ལས་རྩྭ་ཐང་དང་ཆུའི་ཐོན་རྫས་ཁོའོ་ཡི་ཁའོ་ཀྲང་ཧྥན་ཡ་ཀང་གིས་སྲུང་སྐྱོབ་བྱ་ཐབས་བཟུང་བ་བརྒྱུད། ལྷ་ས་སྐྱིད་ཆུ་རྒྱུགས་ཁུལ་གྱི་ཉ་བཟུང་ཚད་ལོ་རེ་བཞིན་ཉུང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་གནང་བ་དང་སྦྲགས། ཉ་འཛིན་མི་ཆོག་པའི་བྱ་ཐབས་ལག་བསྟར་བྱས་པ་ཕུད་ཉ་ལས་ཚན་པས། ཉ་ཕྲུག་ལྷ་ས་སྐྱིད་ཆུའི་ནང་གློད་དེ་ཉ་རིགས་སྐྱེ་འཕེལ་ཡོང་བ་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག