མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཤི་ལོག་སྒྲོལ་མས་གླིང་ཆེན་ཨེ་ཤ་ཡའི་རང་མོས་འཇུ་རེས་གཟེངས་ཐོན་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-04-26 10:20


བོད་རིགས་ལུས་རྩལ་པ་ཤི་ལོག་སྒྲོལ་མ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས21ཉིན། རྒྱ་གར་ནས་བསྡུས་པའི་གླིང་ཆེན་ཨེ་ཤ་ཡའི་རང་མོས་འཇུ་རེས་འགྲན་སྡུར་ཁྲོད། ཀྲུང་གོའི་སྐྱེས་མའི་འཇུ་རེས་རུ་ཁག་གི་ཚབ་བྱས་ནས་འགྲན་སྡུར་ལ་ཞུགས་པའི་བོད་ལྗོངས་ཀྱི་ལུས་རྩལ་པ་ཤི་ལོག་སྒྲོལ་མས་སྤྱི་རྒྱ་རེ་གསུམ་རིམ་པའི་རང་མོས་འཇུ་རེས་ཀྱི་བྱ་དགའ་ཨང་དང་པོ་བླངས།

ཉེ་བའི་ལོ་འགའི་ནང་། ཤི་ལོག་སྒྲོལ་མས་བརྩོན་པ་ཆེར་བསྐྱེད་དང་དཀའ་བ་ཁྱད་གསོད་སྒོས་སྦྱོང་བརྡར་བྱས་པ་བརྒྱུད། འགྲན་སྡུར་གྱི་ཆུ་ཚད་ལ་མཐོར་འདེགས་ཆེན་པོ་བྱུང་ནས། ཕུལ་དུ་བྱུང་བའི་ལུས་རྩལ་པ་ཞིག་ཏུ་གྱུར།

ཤི་ལོག་སྒྲོལ་མས2011ལོའི་ཡེ་སི་ཏཱན་པའོ་ཨར་ནས་བསྡུས་པའི་འཛམ་གླིང་གི་འཇུ་རེས་འགྲན་བསྡུར་གྱི་སྤྱི་རྒྱ་རེ་བདུན་རིམ་པའི་སྐྱེས་མའི་རང་མོས་འཇུ་རེས་ཁྲོད་བྱ་དགའ་ཨང་དང་པོ་བླངས་པ་དང་། དེས་ཁོ་མོའི་ནུས་རྩལ་དེ་འཛམ་གླིང་གི་ཆུ་ཚད་དུ་སོན་ཡོད་པ་མངོན་པར་མཚོན།

རྒྱལ་ཁབ་ལུས་རྩལ་སྤྱི་ཅུའུ་ཡིས་ཤི་ལོག་སྒྲོལ་མ་ལ2011ལོའི་ལུས་རྩལ་སྦྱོང་བརྡར་གྱི་མཚན་སྙན་རྟགས་མ་གནང་རྗེས། 2012ལོར་ཁོ་མོར་ལུས་རྩལ་གྱི་སྐྱེས་མཆོག་ཅེས་པའི་མཚན་སྙན་གནང་བ་རེད།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག