མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཉའ་ལམ་རྫོང་ལི་ཤིང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་དབུལ་ཕོང་བུ་ཕྲུག་ལ་སློབ་རོགས་མ་དངུལ་སྤྲད་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-26 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་རང་སྐྱོང་ལྗོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་དམངས་བརྟན་དམངས་ཕན་བྱེད་སྒོའི། གཞིས་རྩེ་ས་ཁུལ་གཉའ་ལམ་རྫོང་ལི་ཤིང་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་སློབ་གསོར་རྟེན་ནས། གྲོང་ཚོ་དར་རྒྱས་གཏོང་བའི་བརྒྱུད་རིམ་ནང་མ་དངུལ་གྲབས་གསོགས་ཀྱིས་སློབ་རོགས་བྱས་ཏེ། སྡེ་ཁུལ་དེའི་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་བཞིན་པའི་སློབ་མ26ལ་མི་རེར་སྒོར2000གི་སློབ་རོགས་མ་དངུལ་སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལས་དོན་རུ་ཁག་གིས་བརྟག་ཞིབ་བྱེད་སྐབས་ལི་ཤིང་སྡེ་ཁུལ་གྱི་གྲོང་མིས་བུ་ཕྲུག་གི་སློབ་གསོར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དང་། གྲོང་མི་མང་ཆེ་བའི་བུ་ཕྲུག་ཕྱི་ཕྱོགས་སུ་སློབ་གྲྭར་འགྲོ་གི་ཡོད་པ། ཕར་འགྲོ་ཚུར་འོང་བྱེད་པའི་འགྲོ་སོང་ཆེ་བས་དབུལ་ཕོང་ཁྱིམ་ཚང་ཁག་གཅིག་གི་ཁུར་པོ་ལྕི་པོ་ཡོད་པ་རེད། དབུལ་ཕོང་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་བ་དང་སྡེ་ཁུལ་གྱི་སློབ་མ་རྣམས་བློ་བདེ་པོའི་ངང་སློབ་གྲྭར་འགྲོ་རྒྱུ་ཡོང་ཆེད། ལས་དོན་རུ་ཁག་གིས་གྲོང་མི་ཨུ་ཡོན་ལྷན་ཁང་དང་གྲོས་མོལ་བྱས་ཏེ། བཅའ་སྡོད་ལས་དོན་གྱི་གྲོན་དངུལ་ནང་ནས་སྒོར་ཁྲི5.2 བཏང་ཏེ། སྡེ་ཁུལ་དེའི་སློབ་གྲྭ་ཆེན་མོ་བ་ཚོར་རོགས་དངུལ་སྤྲད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག