མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་བོད་ལྗོངས་ཀྱིས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཁྲི4.3འཛུགས་སྐྲུན་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-26 10:20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། གསར་འགོད་པས་བོད་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ཀྱིས་རྒྱལ་ཁབ་ནས་ད་ལོའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་རྣམ་གྲངས་ལ་ཞིབ་བཤེར་ཆོག་མཆན་ཐོབ་རྒྱུ་བརྩོན་ལེན་ཧུར་ཐག་བྱེད་ཆེད། ན་ནིང་ནས་བཟུང་རང་སྐྱོང་ལྗོངས་འབྲེལ་ཡོད་ཚན་པས་རྣམ་གྲངས་ཁག་གི་དུས་འགོའི་ལས་ཀ་སྒྲིག་འཛུགས་ཏན་ཏིག་བྱས་ནས་སྤེལ་བ་མ་ཟད། སྤྱི་ལོ2012ལོའི་སྤྱི་ཟླ5པའི་ཟླ་མཇུག་ཏུ་གསར་སྐྲུན་རྣམ་གྲངས་འཆར་འགོད་ཀྱི་ས་ཆ་འདེམས་པ་དང་གྲ་སྒྲིག་ཞིབ་བཤེར། ཁོར་ཡུག་དཔྱད་དཔོག ནུས་ཁུངས་གྲོན་ཆུང་གི་དཔྱད་དཔོག་སོགས་ཀྱི་ལས་དོན་ཁག་ལེགས་སྒྲུབ་བྱུང་བ་རེད།

འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའི་མཐུན་སྦྱོར་ཧུར་ཐག་དང་ཤུགས་ཆེའི་རོགས་རམ་འོག ད་ལོ་རང་ལྗོངས་ཀྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གཞིས་དེ་སྔའི་འཆར་འགོད་ཀྱི་རྨང་གཞིའི་ཐོག སྡོད་ཁང་ཁྲི2.5གསར་སྣོན་བྱེད་རྒྱུ་ཡིན་པས་སྤྱིའི་སྡོད་ཁང་ཁྲི4.3ཟིན་གྱི་ཡོད་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ལོ2013ལོའི་སྤྱི་ཟླ1པོར་བོད་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས། རང་སྐྱོང་ལྗོངས་གོང་འཕེལ་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་དེ་བཞིན་ནོར་སྲིད་ཐིང་དང་ལྷན་དུ་འཛུགས་སྐྲུན་འཆར་གཞི་གཤམ་སྤྲོད་བྱས་ཡོད་ལ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ས་ཁུལ (གྲོང་ཁྱེར) ཁག་དང་ལས་ཀའི་དམིགས་ཚད་ཀྱི་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་དེ། གསར་སྐྲུན་གྱི་ཁང་གླ་དམའ་བའི་བོགས་གཏོང་སྡོད་ཁང་དང་སྤྱི་སྤྱོད་བོགས་གཏོང་སྡོད་ཁང་རྣམ་གྲངས་སྔ་ཙམ་འཛུགས་སྐྲུན་བྱེད་འགོ་བཙུགས་ཏེ། ལོ་མཇུག་གོང་ཁྱོན་ཡོངས་ནས་ལས་གཞི་ལེགས་འགྲུབ་བྱེད་རྒྱུ་དང་། སྤྱི་ཟླ7པའི་ཟླ་མཇུག་གོང་སྡོད་ཁང་ཆ་རྐྱེན་གཞན་པའི་བསྒྱུར་བཟོའི་རྣམ་གྲངས་ཀྱི་ཇུས་གཞིའི་གོང་དུ་ཆོག་མཆན་ཞུ་བའི་ལས་ཀ་ལག་བསྟར་བྱེད་རྒྱུ་མ་ཟད། འཛུགས་སྐྲུན་བྱེད་འགོ་བཙུགས་ཏེ་ལོ་མཇུག་གོང70%ཡན་ལེགས་འགྲུབ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག