མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ད་ལོར་བོད་ལྗོངས་ཀྱིས་བོད་ནས་ཨང2000གཞི་ཁྱོན་ཆེན་པོར་ཁྱབ་གདལ་གཏོང་རྒྱུ་ཡིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-26 10:19

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་བོད་ལྗོངས་ཀྱིས་རྫོང28ལ་ནས་ཀྱི་སོན་རྩ་གསར་པ་བོད་ནས་ཨང2000མུའུ་ཁྲི་ཚོ10.32འདེབས་འཛུགས་བྱས་ནས། དཔེ་སྟོན་ཁྱབ་གདལ་བཏང་སྟེ་ཆ་སྙོམས་མུའུ་རེའི་ཐོན་འབབ་སྤྱི་རྒྱ25མཐོ་རུ་གཏོང་རྒྱུ་རེད།

བོད་ལྗོངས་ཞིང་ལས་ཚན་རིག་ཁང་གི་དབུ་འཛིན་གཞོན་པ་ཉི་མ་བཀྲ་ཤིས་ཀྱིས། ལྗོངས་ཞིང་ལས་ཚན་རིག་ཁང་གིས་ནས་ཐོན་ཁུལ་གཙོ་བོའི་རྒྱལ་རྩེ་དང་པ་སྣམ། ཆུ་ཤུར། ཆབ་མདོ་སོགས་སྐྱེས་ཁམས་ཁུལ་མི་འདྲ་བར་ཆོད་སྡོམ་རྟེན་གཞི་བདུན་བཙུགས་ནས། ནས་སོན་སྣེ་ཁ་བཅོ་ལྔའི་ཐོན་འབབ་དང་ཉལ་འགོག་སོགས་གཙོ་གནད་རང་བཞིན་ལ་ཚད་བསྡུར་དང་ཆོད་སྡོམ་བྱེད་རྒྱུ་དང་། སྤྱི་ལོ2012ལོར་ང་ཚོས་འབབ་འཕར་གཏོང་ཤེད་ཆེ་བ་དང་འཕྲོད་ཤུགས་ཆེ་བའི་བོད་ནས་ཨང་ 2000དཔེ་སྟོན་འདེབས་འཛུགས་མུའུ་ཁྲི1.2བྱས་པ་དེའི་འབྲས་བུ་དེང་སྐབས་རང་ལྗོངས་སུ་འདེབས་ཁྱོན་ཆེ་བའི་ནས་ཀྱི་སོན་རྩ་བོད་ནས་ཨང320དང་ཧི་མ་ལ་ཡ་ཨང9པ་དང་བསྡུར་ན་ཆ་སྙོམས་ཐོན་འབབ10%ཡན་མཐོ་བ་ཡོད་པས། ད་ལོ་རང་ལྗོངས་སུ་གཞི་ཁྱོན་ཆེན་པོར་ཁྱབ་གདལ་གཏོང་རྒྱུའི་གཏན་འབེབ་བྱས་པ་ཡིན་ཞེས་གསུངས་པ་རེད།

ནས་ནི་རང་ལྗོངས་ཀྱི་འབྲུ་རིགས་ལོ་ཏོག་གཙོ་བོ་ཞིག་ཡིན་པས་ཞིང་འབྲོག་མང་ཚོགས་ཀྱིས་བེད་སྤྱོད་བྱས་པའི་འབྲུ་རིགས་ནང་གི60%ཟིན་པ་མ་ཟད། ནས་ཀྱི་ཐོན་འབབ་ཀྱིས་རང་ལྗོངས་འབྲུ་རིགས་ཐོན་འབབ་ཡོངས་ཀྱི55%ཙམ་ཟིན་གྱི་ཡོད་པ་རེད། གཞན་ཡང་ནས་དེ་ནི་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བ་བྱེད་པའི་གཙོ་བོའི་ཡོང་ཁུངས་ཞིག་ཀྱང་རེད། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་སུན་གཡུས་མིང་གིས། བོད་ནས་ཨང2000ཁྱབ་གདལ་གཏོང་བ་དེ་ནི་རང་ལྗོངས་ཀྱི་ནས་ཚན་རྩལ་ཞིབ་འཇུག་གི་གལ་ཆེའི་འགག་སྒྲོལ་ཞིག་ཡིན་པ་དང་། རང་ལྗོངས་ཀྱི་འབྲུ་རིགས་ཐོན་སྐྱེད་བདེ་འཇགས་ཐད་གལ་ཆེའི་དོན་སྙིང་ལྡན་ཡོད་པ་རེད། ད་བར་ལྗོངས་ཞིང་ལས་ཚན་རིག་ཁང་གིས་ཞིང་ལས་ཚན་རིག་ཁང་ཁོངས་གཏོགས་ཀྱི་ཚན་རྩལ་མི་སྣ52དང་། ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་མི་ཐེངས6000 ལྷག་ལ་བོད་ནས་ཨང2000ཡི་འབྲེལ་ཡོད་ཤེས་བྱ་སྦྱོང་བརྡར་སྤྲད་ཟིན་པ་རེད། ས་ཞིང་ཁོད་སྙོམས་གཏོང་རྒྱུ་དང་ཞིང་ཆུང་གཏོང་རྒྱུ། སོན་རྩ་འདེམས་རྒྱུ་སོགས་ཀྱི་ལས་དོན་ལེགས་སྒྲུབ་ཟིན་པ་དང་། འདེབས་བཙུགས་ལས་དོན་ལྗོངས་ཡོངས་སུ་སྔ་རྗེས་སུ་སྤེལ་བ་དང་སྤྱི་ཟླ5པའི་ཟླ་མཇུག་གོང་མཇུག་སྒྲིལ་བ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག