མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་སི་ཁྲོན་ལུའུ་ཧྲན་ས་ཡོམ་གནོད་འཚེ་ཕོག་པའི་སྤུན་ཟླ་ཚོར་བསྔོ་སྨོན་གནང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-25 10:15

པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་གིས་པེ་ཅིང་དགའ་ལྡན་སྦྱིན་ཆགས་གླིང་དུ་སི་ཁྲོན་ལུའུ་ཧྲན་ས་ཡོམ་གནོད་འཚེ་ཕོག་པའི་སྤུན་ཟླ་ཚོར་བསྔོ་སྨོན་གནང་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས23ཉིན་གྱི་སྔ་དྲོ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་གིས་པེ་ཅིན་དགའ་ལྡན་སྦྱིན་ཆགས་གླིང་དུ་སི་ཁྲོན་ལུའུ་ཧྲན་ས་ཡོམ་གནོད་འཚེ་ཕོག་པའི་སྤུན་ཟླ་ཚོར་བསྔོ་སྨོན་གནང་བ་རེད། སྔ་དྲོའི་ཆུ་ཚོད8པར་དགའ་ལྡན་སྦྱིན་ཆགས་གླིང་གི་ཚོགས་ཆེན་དུ་རིན་པོ་ཆེ་མཆོག་གིས་དགའ་ལྡན་སྦྱིན་ཆགས་གླིང་གི་དགེ་འདུན་པ་དང༌། ཀྲུང་གོ་བོད་རྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དཔེ་ཆ་བ། དེ་བཞིན་ནང་སར་གཟིགས་སྐོར་སློབ་སྦྱོང་གནང་བཞིན་པའི་བོད་ལྗོངས་ཀྱི་བོད་རྒྱུད་ནང་བསྟན་ལས་རིགས་ཀྱི་གྲྭ་བཙུན་བཅས་དང་ལྷན་དུ་ས་ཡོམ་ནང་གྲོངས་པའི་སྤུན་ཟླ་ཚོར་བསྔོ་སྨོན་གནང་བ་དང་། གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཚོས་ས་ཡོམ་གྱི་གནོད་འཚེ་སྔ་ཙམ་ཁྱད་བསད་བྱས་ནས། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་རྒྱུའི་ཐུགས་སྨོན་གནང་བ་རེད།

དེ་རྗེས་པཎ་ཆེན་རིན་པོ་ཆེ་མཆོག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པའི་མདོ་ལྗགས་ཀློག་གནང་ནས། གཤིན་པོ་རྣམས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་བ་དང་། གསོན་པོ་རྣམས་སྡུག་བསྔལ་ལས་སྒྲོལ་བ། འཛམ་གླིང་ཞི་བདེ། མི་དམངས་བདེ་འཁོད་བཅས་ཡོང་བའི་ཐུགས་སྨོན་མཛད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག