མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

པ་སྣམ་རྫོང་གིས་དཔྱིད་རྨོས་དཔྱིད་འདེབས་ཁྲོད་ཞིང་ལས་འཕྲུལ་ཆས་ཀྱི་ནུས་པ་འདོན་སྤེལ་བྱས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-25 10:15

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་གཞིས་རྩེ་ས་ཁུལ་པ་སྣམ་རྫོང་གིས་དཔྱིད་རྨོས་དཔྱིད་འདེབས་ཁྲོད་ཞིང་ལས་འཕྲུལ་ཆས་ཀྱི་ནུས་པ་འདོན་སྤེལ་ཆེན་པོ་བྱས་ཡོད། ད་ལོ་གཞིས་རྩེ་ས་ཁུལ་པ་སྣམ་རྫོང་གི་དཔྱིད་རྨོས་དཔྱིད་འདེབས་ཁྲོད་ཞིང་ལས་འཕྲུལ་ཆས་ཀྱི་ནུས་པ་འདོན་སྤེལ་ཆེན་པོ་བྱས་ཡོད་པ་དང༌། དཔྱིད་རྨོས་ནང་འཕྲུལ་རྨོས་འཕྲུལ་འདེབས་བྱེད་ཚད90%ཡས་མས་ཟིན་ཡོད་པ་རེད།

དེང་སྐབས་གཞིས་རྩེ་ས་ཁུལ་པ་སྣམ་རྫོང་གིས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་བྱེད་འགོ་བཙུགས་ཡོད་པ་དང༌། ཞིང་ནང་དུ་འདྲུད་འཐེན་འཁོར་ལོ་རེ་རེ་བཞིན་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་རེད།

ཇོ་མོ་གླང་མ་ཞིང་འཕྲུལ་ཀུང་སིའི་པ་སྣམ་རྫོང་ལས་རིགས་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཉི་མ་ཚེ་རིང་གིས། གསར་འགོད་པར་རྨོས་འདེབས་འཕྲུལ་འཁོར8ཀྱིས་ཉིན་གཅིག་ནང་ཞིང་ཁ་མུའུ350ཡས་མས་རྨོ་ཐུབ་ཀྱི་ཡོད་ཅེས་གསུང་པ་དང༌། ད་ལོ་ཀུང་སི་དེས་པ་སྣམ་རྫོང་དུ་དཔྱིད་འདེབས་མུའུ་ཁྲི3ཙམ་བྱེད་རྒྱུ་རེད།

དེང་སྐབས་པ་སྣམ་རྫོང་དེ་ཡོངས་ཀྱིས་ཤང་གྲོང་རྡལ11ཁྲོད་ནས་ཤང་གྲོང་རྡལ9ཞིང་ནང་དུ་གཞི་ཁྱོན་ཆེ་བའི་འཕྲུལ་རྨོས་འཕྲུལ་འདེབས་བྱེད་བཞིན་ཡོད་པ་རེད། པ་སྣམ་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྐར་རྡོས་པ་སྣམ་རྫོང་གི་རྨོ་ཞིང་རྒྱ་ཁྱོན་མུའུ་ཁྲི་ཚོ12.7ཟིན་གྱི་ཡོད་པ་དང༌། ད་ལོ་འཕྲུལ་རྨོས་འཕྲུལ་འདེབས་ཀྱི་རྒྱ་ཁྱོན་མུའུ་ཁྲི་11.7ཟིན་རྩིས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

གཞིས་རྩེ་ས་ཁུལ་པ་སྣམ་རྫོང་གིས་དུས་རབས་གོང་མའི་ལོ་རབས90ནས་ཞིང་ལས་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་བྱེད་འགོ་བཙུགས་པ་དང༌། དུས་རབས་གསར་པར་སླེབས་རྗེས་གོང་འཕེལ་མགྱོགས་པོ་ཕྱིན་པ་དང་ལྷག་པར་དུ་ཉེ་བའི་ལོའི་ནང་གོང་འཕེལ་དེ་བས་མགྱོགས་པ་བྱུང་ཡོད། པ་སྣམ་རྫོང་གི་ཞིང་འབྲོག་ཁུལ་གྱི་ཁྱིམ་ཚང་ཚང་མར་གཞི་རྩའི་ཆ་ནས་ཞིང་ལས་འཕྲུལ་ཆས་ཅན་གྱི་དམིགས་ཚད་མངོན་འགྱུར་ཐུབ་ཡོད་པ་མ་ཟད། ཞིང་འཕྲུལ་ཆེད་ལས་མཉམ་ལས་རྩ་འཛུགས་ཡང་གོང་འཕེལ་མགྱོགས་པོ་ཕྱིན་ནས། ཞིང་འབྲོག་མང་ཚོགས་ཀྱིས་འཕྲུལ་ཆས་ཆེ་གྲས་ཉོ་བའི་མ་དངུལ་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་དང་། ཞིང་ལས་འཕྲུལ་ཆས་ཅན་གྱིས་ས་ཆ་དེ་གའི་གོང་འཕེལ་ལ་སྐུལ་འདེད་བཏང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག