མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ད་ལོའི་དཔྱིད་འདེབས་རྒྱ་ཁྱོན་གྱི་འཆར་གཞིའི25%ལེགས་འགྲུབ་ཟིན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-25 10:15

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཞིང་འབྲོག་ཚན་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཚུན་དུ་བོད་ལྗོངས་ཀྱི་རིམ་ཁག་ཞིང་འབྲོག་ཚན་པས་སྔ་ཙམ་འཆར་འགོད་དང་། སྔ་ཙམ་བཀོད་སྒྲིག སྔ་ཙམ་དོན་འཁྱོལ་བཅས་བྱས་ཏེ་དཔྱིད་རྨོད་དཔྱིད་འདེབས་ཀྱི་ལས་དོན་དམ་འཛིན་ཏན་ཏིག་བྱས་པ་དང་། སྤྱི་ཟླ4པའི་ཚེས16ཉིན་བར་དཔྱིད་འདེབས་རྒྱ་ཁྱོན་གྱི་འཆར་གཞིའི25%ལེགས་སྒྲུབ་ཟིན་པ་རེད།

བོད་ལྗོངས་ཞིང་འབྲོག་ཚན་པའི་ཉེ་དུས་ལྗོངས་ཡོངས་ཀྱི་ས་ཆ་ཁག་གི་འདེབས་འཛུགས་འཆར་གཞིའི་བརྟག་དཔྱད་བསྡོམས་རྩིས་གྲངས་གཞིར་གཞིགས་ན། ད་ལོ་རང་ལྗོངས་ཀྱི་དཔྱིད་འདེབས་འདེབས་ཁྱོན་མུའུ་ཁྲི་ཚོ310ཙམ་ཟིན་གྱི་ཡོད་པ་དང་། སྤྱི་ཟླ4པའི་ཚེས16ཉིན་བར་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་ཚོ77ཙམ་ལེགས་སྒྲུབ་ཟིན་པ་དེས་དཔྱིད་འདེབས་འཆར་གཞིའི25བཟུང་བའི་ནང་། ལྷ་ས་གྲོང་ཁྱེར་གྱི་མུའུ་ཁྲི་ཚོ10ལྷག་དང་ལྷོ་ཁ་ས་ཁུལ་གྱི་མུའུ་ཁྲི་ཚོ15ཙམ། གཞིས་རྩེ་ས་ཁུལ་གྱི་མུའུ་ཁྲི4ལྷག ཉིང་ཁྲི་ས་ཁུལ་གྱི་མུའུ་ཁྲི་ཚོ15ཙམ། ཆབ་མདོ་ས་ཁུལ་གྱི་མུའུ་ཁྲི་ཚོ32ཙམ་བཅས་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ད་ལོར་བོད་ལྗོངས་ཀྱི་དཔྱིད་རྨོས་དཔྱིད་འདེབས་ཀྱི་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་ཟིན་པ་དང་། ཞིང་ལས་རྒྱུ་ཆ་གྲ་སྒྲིག་འདང་ངེས་བྱུང་ཞིང་ཕན་དང་ཞིང་སྐྱོར་གྱི་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། དཔྱིད་འདེབས་ལས་དོན་ཁྱོན་ཡོངས་ནས་སྤེལ་རྒྱུ་འགན་སྲུང་ནུས་ལྡན་ཐུབ་ཡོད་པ་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་འབྲོག་ཚན་པས་ད་དུང་མུ་མཐུད་ཞིང་ལས་ཚན་རྩལ་པ་སྒྲིག་འཛུགས་ཀྱིས་ཞིང་ནང་དུ་གཟབ་སྐྱོད་བྱས་ནས། མང་ཚོགས་ཀྱིས་དཔྱིད་འདེབས་ལས་དོན་ཁག་ཡག་པོ་སྒྲུབ་རྒྱུར་མཛུབ་འཁྲིད་བྱ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག