མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ཚན་པས་ཞིང་འབྲོག་ཁུལ་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་བར་ཕན་འབྲས་མངོན་གསལ་ཐོབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-25 10:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ་བོད་ལྗོངས་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ཚན་པས་ཞབས་ཞུ་བྱེད་སྟངས་གསར་གཏོད་ཧུར་ཐག་བྱས་ཏེ། ཞིང་འབྲོག་ཁུལ་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་བར་ཕན་བྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

སྤྱི་ཟླ3པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་ཞིང་ལས་དང་འབྲེལ་བའི་དངུལ་བུན་སྒོར་དུང་ཕྱུར114.84ལྷག་བཏང་ཡོད་པ་དེ། ལོ་མགོ་ལས29.67འཕར་ཡོད་པ་དང༌། ལྗོངས་ཡོངས་ཀྱི་དངུལ་བུན་ཁག་གི་འཕར་ཚད་ལས་བརྒྱ་ཆའི་གྲངས18ཀྱིས་མཐོ་ཡོད་པ་རེད། དེའི་ནང་གྲངས་འབོར་ཉུང་བའི་ཡིད་རྟོན་དངུལ་བུན་གཏོང་ཚད་སྒོར་དུང་ཕྱུར67 ཙམ་དང༌། བདེ་སྡོད་ལས་གཞིའི་དངུལ་བུན་སྒོར་དུང་ཕྱུར4ཙམ། དབུལ་སྐྱོར་སྐྱེད་སྦྱར་དངུལ་བུན་སྒོར་དུང་ཕྱུར40ལྷག་བཅས་བཏང་ཡོད་པ་རེད།

ཞིང་འབྲོག་ཁུལ་ལ་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་བ་དེས་ལྗོངས་ཡོངས་ཀྱི་ཞིང་གསུམ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག