མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ན་ནིང་བོད་ལྗོངས་ཀྱིས་སློབ་གསོའི་བྱ་གཞག་ཐད་སྒོར་དུང་ཕྱུར90ལྷག་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-25 10:14

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ན་ནིང་བོད་ལྗོངས་ཀྱིས་སློབ་གསོའི་ཐད་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ལོ་འཁོར་མོར་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར90ལས་བརྒལ་ཡོད་པ་དང་། སློབ་གསོའི་དམངས་ཕན་སྲིད་ཇུས་ཁག་ལག་བསྟར་གཏིང་ཟབ་བྱས་པས་སློབ་གསོའི་འགན་སྲུང་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད། རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཐིང་ཀྲང་མཱ་ཧྲེང་ཁྲང་གིས་ངོ་སྤྲོད་གནང་བར་གཞིགས་ན། ན་ནིང་བོད་ལྗོངས་ཀྱིས་གཞུང་ལམ་བདག་སྐྱོང་ལས་བཟོ་པའི་བུ་ཕྲུག་རྣམས་སློབ་རོགས་ཁ་གསབ་ཀྱི་ཁྱབ་ཁོངས་ནང་བཅུག་པ་དང་། འགན་ལེན་གསུམ་དང་སློབ་རོགས་མ་དངུལ་གྱི་ཚད་གཞི་ཐེངས12བསྟུད་དེ་མཐོ་རུ་བཏང་བ་མ་ཟད། འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་གཏོང་བའི་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་པ་རེད། ན་ནིང་རང་ལྗོངས་ཀྱི་འགན་ལེན་གསུམ་དང་སློབ་རོགས་མ་དངུལ་སྒོར་དུང་ཕྱུར12.3བཏང་ནས་སློབ་མ་ཁྲི་ཚོ51ལ་ཕན་པ་སྐྲུན་པ་དང་། འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་གཏོང་བའི་འཆར་གཞི་ལག་བསྟར་བྱས་ནས། མ་དངུལ་སྒོར་དུང་ཕྱུར1.44དོན་འཁྱོལ་བྱས་པར་སློབ་མ་ཁྲི2ལྷག་ལ་ཕན་པ་ཐོབ་ཡོད་པ་དང་ཕན་པ་ཐོབ་ཚད100%ཟིན་ཡོད་པ་རེད། ན་ནིང་རང་ལྗོངས་ཀྱིས་ད་དུང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ཤེས་རམས་པ་དང་མཁས་རམས་པའི་ཞིབ་འཇུག་ཁང་ལ་མ་དངུལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་བཏོན་ནས། ཞིབ་འཇུག་སློབ་མར་རྒྱལ་ཁབ་ཀྱི་ལམ་ལུགས་ལག་བསྟར་བྱས་པ་དང་། ན་ནིང་གི་ལོ་མཇུག་བར་རང་ལྗོངས་ཀྱིས་སློབ་རོགས་མ་དངུལ་གྱི་སྲིད་ཇུས་ཁག22བཏོན་ཏེ། སློབ་རོགས་དངུལ་སྒོར་དུང་ཕྱུར17ཙམ་དོན་འཁྱོལ་བྱས་ནས་དགེ་སློབ་མི་ཐེངས་ཁྲི་ཚོ95ལྷག་ལ་མ་དངུལ་རོགས་སྐྱོར་བྱས་ཡོད་པ་རེད། ད་ལོ་རང་ལྗོངས་ཀྱིས་རྫོང་ཁག་གི་སློབ་གསོའི་དམངས་ཕན་སྲིད་ཇུས་ལག་བསྟར་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། སློབ་གསོའི་དམངས་ཕན་ལས་གཞི་དེ་དམངས་སེམས་ལས་གཞི་ཞིག་ལ་འགྱུར་བ་བྱ་རྒྱུ་རེད།

མཱ་ཧྲེན་ཁྲང་གིས་ད་དུང་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་བོད་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་མ་དངུལ་འགན་སྲུང་ལམ་སྲོལ་སྒྱུར་བཅོས་བྱ་རྒྱུ་དང་། སློབ་གསོའི་འགན་ལེན་གསུམ་གྱི་སྲིད་ཇུས་ལེགས་བཅོས་བཏང་ནས་སློབ་མའི་ལོ་རེའི་ཁ་གསབ་ཚད་གཞི་སྒོར2700བར་མཐོ་རུ་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག