མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་སྤྱི་ཚོགས་ཅན་གྱི་གོང་འཕེལ་བརྟན་པོ་བྱུང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-24 10:54

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་ཞིང་ལས་འཕྲུལ་ཆས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་རྒྱུ་དེ་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་ཟིན་པ་དང་། ཞབས་ཞུའི་ནུས་པ་དང་ཆུ་ཚད་ཅུང་མཐོ་རུ་ཕྱིན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ2012ལོའི་ལོ་མཇུག་ཏུ། ལྗོངས་ཡོངས་ཀྱི་བཟོ་ཚོང་ཚན་པར་ཐོ་འགོད་བྱས་ནས་འཁོར་རྒྱུགས་ཚད་ལྡན་བྱུང་བའི་ཞིང་ལས་འཕྲུལ་ཆས་མཉམ་ལས་རྩ་འཛུགས32དང་། ཐད་ཞུགས་ཞིང་ཁྱིམ1400ལྷག་ཙམ་ཟིན་པ་དང་། མཉམ་ལས་རྩ་འཛུགས་ལ་ཞིང་ལས་འཕྲུལ་ཆས900ལྷག་དང་། མ་དངུལ་བསྡོམས་འབོར་སྒོར་ཁྲི་ཚོ 2500ལྷག་ཡོད་ཅིང་། ལོ་འཁོར་མོའི་ཞིང་ལས་ཞབས་ཞུ་བྱེད་ཚད་རྒྱ་ཁྱོན་མུའུ་ཁྲི་ཚོ25ཟིན་ཡོད་པ་རེད། ད་ཆ་ཞིང་ལས་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་བྱེད་རྒྱུ་དེ། ཚན་པ་རྐྱང་པ་ནས་སྤྱི་ཚོགས་ཅན་གྱི་ཞབས་ཞུར་འགྱུར་བས་ས་ཆ་དེ་གའི་ཞིང་ལས་འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ཀྱི་ཆུ་ཚད་ཕན་ནུས་ལྡན་པའི་ངང་མཐོ་རུ་ཕྱིན་པ་མ་ཟད། ཞིང་ལས་འཕྲུལ་ཆས་ཁེ་གཉེར་གྱི་ཕན་འབྲས་ལེགས་སུ་ཕྱིན་ནས། ལྗོངས་ཡོངས་ཀྱི་ཞིང་ལས་འཕྲུལ་ཆས་ཅན་གྱི་གོང་འཕེལ་བྱ་ཐབས་འགྱུར་ལྡོག་གཏོང་མགྱོགས་སུ་འགྲོ་རྒྱུར་ལེགས་སྐྱེས་མངོན་གསལ་འདོད་པོ་ཕུལ་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག