མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷ་སའི་ཁེ་ལས་ཀྱིས་སི་ཁྲོན་གཡག་རྔའི་ས་ཡོམ་རྒྱག་ཁུལ་ལ་ཞལ་འདེབས་བརྒྱབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-24 10:53

ལྷ་ས་ཁུང་ཀང་མེ་ཏོག་ལྡུམ་རྭའི་མགྲོན་ཁང་གི་ལས་བཟོ་པས་ཞལ་འདེབས་རྒྱག་བཞིན་པ།

ལམ་བཞུད་མགྲོན་པོ་ཞིག་གིས་ས་ཡོམ་བརྒྱབ་ཁུལ་ལ་ཞལ་འདེབས་རྒྱག་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས21ཉིན། བོད་ལྗོངས་ལྷ་ས་ཁུང་ཀང་མེ་ཏོག་ལྡུམ་རྭའི་མགྲོན་ཁང་གིས་ལྷ་ས་ཧྲེན་ལིས་ཐང་ཆེན་དུ་སི་ཁྲོན་གཡག་རྔར་ས་ཡོམ་རིམ་པ7.0བརྒྱབ་པར་གདུང་སེམས་མཉམ་སྐྱེས་ཀྱིས་ཞལ་འདེབས་རྒྱག་པའི་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཚེས21ཉིན་གྱི་དགོང་མོའི་ཆུ་ཚོད10དང་སྐར་མ2བར་ལྷ་ས་ཁུང་ཀང་མེ་ཏོག་ལྡུམ་རྭའི་མགྲོན་ཁང་གིས་ཁྱོན་ཞལ་འདེབས་དངུལ་སྒོར17406.7གྲབས་གསོག་བྱས་ཡོད། མགྲོན་ཁང་གི་འགན་འཁུར་བས་གྲབས་གསོག་བྱས་པའི་མ་དངུལ་ཚང་མ་བོད་ལྗོངས་རྒྱ་གྲམ་དམར་པོ་ལྷན་ཚོགས་ལ་སྤྲད་དེ། ཁོང་ཚོས་གཅིག་འགྱུར་ཐོག་སི་ཁྲོན་གཡག་རྔའི་ས་ཡོམ་གནོད་འཚེ་ཁུལ་དུ་ཞལ་འདེབས་རྒྱག་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག