མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཉིང་ཁྲིའི་སྲིད་འཛིན་གྲོང་ཚོ159རང་སྐྱོང་ལྗོངས་རིམ་པའི་སྐྱེས་ཁམས་གྲོང་ཚོའི་དཔྱད་དཔོགས་ཀྱི་ཆ་རྐྱེན་ལོན་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-24 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ན་ནིང་གི་སྤྱི་ཟླ9བར། བོད་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིན་གྱིས། ཉིང་ཁྲི་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོ19རང་སྐྱོང་ལྗོངས་རིམ་པའི་སྐྱེས་ཁམས་གྲོང་ཚོའི་མཚན་སྙན་སྤྲད་རྗེས། ད་ལོ་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོབ་ཐིང་གི་རིགས་གཅིག་མཁས་ཅན་དཔྱད་དཔོགས་ཚོགས་ཆུང་གིས་བསྐྱར་དུ་དཔྱད་དཔོགས་བྱས་པ་བརྒྱུད། ཉིང་ཁྲི་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོ159རང་སྐྱོང་ལྗོངས་རིམ་པའི་སྐྱེས་ཁམས་གྲོང་ཚོའི་ཆ་རྐྱེན་དང་ཚད་གཞི་ལོན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ2008ལོར་སྐྱེས་ཁམས་འཛུགས་སྐྲུན་ལས་དོན་སྤེལ་ཚུན། ཉིང་ཁྲི་ས་ཁུལ་གྱིས་མ་དངུལ་འབོར་ཆེན་བཏང་ནས་སྔ་རྗེས་སུ་གཙོ་གནད་ས་ཁོངས་ཀྱི་སྐྱེས་ཁམས་སྤྱི་ཕན་ནགས་ཚལ་དང་ས་མཐོའི་སྐྱེས་ཁམས་སྲུང་ཡོལ་འཛུགས་སྐྲུན། བྱེ་འགོག་བྱེ་བཅོས། ནགས་སྦོལ་ཞིང་ཁ་དང་རྩྭ་ར་སླར་གསོ་སོགས་ནགས་ལས་སྐྱེས་ཁམས་རྣམ་གྲངས་ལག་བསྟར་བྱས་ཡོད་པ་དང་། ལས་གཞིའི་ནགས་གསོ་དང་རི་བཀག་ནགས་གསོ་མུའུ་ཁྲི་ཚོ ༣༥ ལྷག་ཙམ་ལེགས་སྒྲུབ་བྱས་པ། སྐྱེས་ཁམས་ཀྱི་ཕན་འབྲས་ཁ་གསབ་སྒོར་དུང་ཕྱུར1.34སྤྲད་པ་དང་། ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར1000ལྷག་འཕར་བ། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི13ལྷག་བཏང་ནས། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐད་སྤྱད་ཡོད་པས། ཐད་ཀའི་ཕན་པ་ཐོབ་མཁན་མང་ཚོགས་ཁྲི་ཚོ11ལྷག་ཟིན་ཡོད་པ་རེད།

ཉེ་བའི་ལོའི་ནང་། ཉིང་ཁྲི་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོ302སྐྱེས་ཁམས་གསར་གཏོད་ལས་དོན་ནང་ཞུགས་ཡོད་པ་དང་། གྲོང་ཚོ202ཀྱིས་རང་སྐྱོང་ལྗོངས་རིམ་པའི་སྐྱེས་ཁམས་གྲོང་ཚོའི་རེ་ཞུའི་ལས་དོན་ལེགས་འགྲུབ་བྱུང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག