མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ཆབ་མདོ་ས་ཁུལ་གྱིས་ཏང་འཛུགས་ལས་དོན་ལ་ཤུགས་སྣོན་རྒྱབ་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-24 10:53

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་ལྗོངས་ཆབ་མདོ་ས་ཁུལ་གྱིས་མཚོན་རྟགས་ལས་གཞི་ལག་བསྟར་བྱས་ནས། ལྗོངས་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་རྩེ་གྲ་ཁག་ཅིག་གཏོད་རྒྱུ་དང་། དཔེ་སྟོན་ཁྱབ་འགྱེད་ནུས་པ་ཅུང་ཆེ་བའི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་དཔེ་སྟོན་རྟེན་གཞི་དང་ཁྱད་ལྡན་རྣམ་གྲངས་ཁག་ཅིག་གཏོད་ནས། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད།

ད་ཐེངས་ཀྱི་བྱེད་སྒོའི་ནང་ཆབ་མདོ་ས་ཁུལ་གྱིས་གཞི་རིམ་ཏང་འཛུགས་སྐྱོང་དཔེ་སྟོན་ཁུལ150གཏོད་རྒྱུ་དང་། རྫོང་ཁག་དང་ཚན་པ་ཁག་གིས་ཤང་གི་ཏང་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་རྒྱུའི་ཐད་རྩ་དོན་ཐོག་མ་དངུལ་སྒོར་ཁྲི་ཚོ20ལས་མི་ཆག་པ་བྱེད་རྒྱུ་དང་། གྲོང་ཚོའི་ཏང་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་ཚོ10ལས་མི་ཆག་པ་བྱེད་རྒྱུ། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་རྒྱུའི་ཐད་མ་དངུལ་སྒོར5ལས་མི་ཆག་པ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག