མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱིས་ཟི་ཁྲོན་གཡག་རྔའི་གནོད་འཚེའི་ཁུལ་དུ་སྒོར་ཁྲི200ཞལ་འདེབས་ཕུལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-04-23 10:38

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས20ཉིན་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དུ་འཚམས་འདྲིའི་གློག་འཕྲིན་བཏང་ནས་བོད་རང་སྐྱོང་ཏང་ཨུད་དང་སྲིད་གཞུང་གི་བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ300ལྷག་གི་ཚབ་ཞུས་ནས་གནོད་འཚེའི་ཁུལ་གྱི་མི་དམངས་ཚོར་མཛའ་བརྩེའི་འཚམས་འདྲི་གནང་བ་དང་ས་ཡོམ་ཁྲོད་ཚེ་ལས་འདས་པའི་མང་ཚོགས་རྣམས་ལ་མྱ་ངན་ཞུས་པ་ཡོད་པ་རེད། དེ་དང་དུས་མཚུངས་ཞལ་འདེབས་སྒོར་ཁྲི200རྒྱག་རྒྱུའི་གཏན་འཁེལ་བྱས་ནས་གནོད་འགོག་གེགས་སེལ་གྱི་ལས་དོན་ལ་རྒྱབ་སྐྱོར་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག