མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

ལྷོ་ཁ་ས་ཁུལ་གྱིས་ཞིང་འབྲོག་པའི་བདེ་སྡོད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-22 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ལྷོ་ཁ་ས་ཁུལ་བདེ་སྡོད་ལས་དོན་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་ས་ཁུལ་གྱི་བདེ་སྡོད་ལས་གཞིའི་འཆར་གཞིའི་ཁོངས་ཀྱི་ཞིང་འབྲོག་དུད་ཚང་ལྷག་འཕྲོ5789ཚང་མ། ད་ལོའི་སྤྱི་ཟླ6པའི་ཟླ་མཇུག་གོང་སྡོད་ཁང་གསར་པའི་ནང་སྤོ་ཐུབ་བཟོ་ཡོད་པས། འཆར་གཞི་ལས་ལོ་ཕྱེད་སྔ་སྣུར་གྱིས་བདེ་སྡོད་ལས་གཞིའི་འཛུགས་སྐྲུན་ལས་འགན་ལེགས་གྲུབ་ཡོང་རྒྱུ་དང་། ཡར་ཀླུང་གི་ཞིང་འབྲོག་མང་ཚོགས་ཁྲི་ཚོ35བདེ་སྡོད་ཁང་པའི་ནང་སྡོད་རྒྱུའི་ཕུགས་འདུན་སྒྲུབ་ཐུབ་རྒྱུ་རེད།

 ལྷོ་ཁ་ས་ཁུལ་བདེ་སྡོད་ལས་དོན་གཞུང་ལས་ཁང་གི་འགན་འཁུར་བས་ངོ་སྤྲོད་གནང་བར་གཞིགས་ན། ས་ཁུལ་བདེ་སྡོད་ལས་དོན་གཞུང་ལས་ཁང་གིས་དྲིལ་བསྒྲགས་སྐུལ་སློང་དང་འཛུགས་སྐྲུན་འཆར་འགོད། བདེ་སྡོད་ལས་གཞི་ལག་བསྟར་བྱེད་ཡུལ་གྱི་ཞིབ་བཤེར། རྒྱུ་ཆ་གྲ་སྒྲིག་ལས་དོན། ལས་གྲའི་འཕེལ་རིམ། ལྟ་སྐུལ་དོ་དམ་ཚོད་འཛིན་ལས་དོན། མ་དངུལ་བསྡུ་རུབ། མ་དངུལ་དོ་དམ། རྗེས་མའི་དོ་དམ་ལས་དོན་བཅས་ཕྱོགས་དགུའི་ཐད་དམ་འཛིན་ལྷོད་མེད་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གཞི་འཛུགས་སྐྲུན་ཡག་པོ་བྱས་ཡོད་པ་རེད། སྤྱི་ཟླ3པའི་ཟླ་མཇུག་བར། ས་ཁུལ་དེ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དུད་ཚང2000གི་སྡོད་ཁང་ཨ་མ་འཛུགས་སྐྲུན་ཟིན་པ་དེས། ད་ལོའི་འཛུགས་སྐྲུན་ལས་འགན་གྱི34.5%ཟིན་ཡོད་པ་རེད།

ལྷོ་ཁ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་ཀྲང་ཡུང་ཚེས། ལོ་མགོར་ས་ཁུལ་གྱིས་སེམས་ཐག་གཙང་བཅད་ངང་བདེ་སྡོད་ལས་གཞི་འཛུགས་སྐྲུན་ལ་སྐུལ་མ་བཏང་བ་དང་། རང་སྐྱོང་ལྗོངས་ནས་བདེ་སྡོད་ལས་གཞིའི་ཁ་གསབ་དངུལ་སྒོར་ཁྲི་ཚོ9713.5བཀོད་སྒྲིག་གནང་བའི་རྨང་གཞིའི་ཐོག ས་ཁུལ་ནོར་སྲིད་ནས་མ་དངུལ་སྒོར་ཁྲི2000བཀོད་སྒྲིག་བྱས་ཏེ། ཞིང་འབྲོག་མང་ཚོགས་དུད་ཚང5789བདེ་སྡོད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས། ལས་གཞི་དེ་ད་ལོའི་སྤྱི་ཟླ6པའི་ཟླ་མཇུག་གོང་ལེགས་སྒྲུབ་ཐུབ་རྒྱུ་ཡིན་པ་དང་། སྐབས་དེ་དུས་སྡོད་ཁང་ཆ་རྐྱེན་ཅུང་སྐྱོ་བའི་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གནད་དོན་ཐག་གཅོད་ཐུབ་ནས། ལྷོ་ཁ་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཚང་མ་བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་ཁང་པའི་ནང་སྤོ་ཐུབ་རྒྱུ་རེད་ཅེས་གསུངས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག