མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ཀྱི་གཙང་ཆུ་རྒྱུག་ཁུལ་གཙོ་བོར་ཤིང་འཛུགས་ནགས་བཟོ་ལས་གཞིའི་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2013-04-22 10:35

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས19ཉིན་གྱི་སྔ་དྲོ། བོད་ལྗོངས་ཀྱི་གཙང་པོ་གཉིས་དང་ཆུ་བོ་བཞིའི་རྒྱུག་ཁུལ་གྱི་ཤིང་འཛུགས་ནགས་བཟོའི་ལས་གཞིའི་འཆར་འགོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་ནས། འཆར་འགོད་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། བོད་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། བོད་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག་ཤིང་འཛུགས་ནགས་བཟོའི་ལས་གཞི་ནི། རང་སྐྱོང་ལྗོངས་ཀྱི་གལ་ཆེའི་འཆར་འགོད་ཞིག་ཡིན་པས། འཆར་འགོད་ལས་ཀའི་ཐད་སྲུང་སྐྱོབ་དང་འཛུགས་སྐྲུན་གཉིས་ཀ་དམ་འཛིན་བྱེད་དགོས་པ་དང་རང་བྱུང་ལ་བརྩི་མཐོང་ཐོག་བབ་བསྟུན་སྣེ་ཁྲིད་བྱེད་པ། སྤྱིའི་འཆར་འགོད་ཐོག་གོམ་སྟབས་དབྱེ་ནས་ལག་བསྟར་བྱེད་པ། གཅིག་གྱུར་འཆར་འགོད་ཀྱིས་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཐོག སྔོན་ལ་ལས་སླ་བ་དང་རྗེས་སུ་ཁག་པ་བཅས་ཀྱི་བླང་བྱ་ལྟར་ཞིབ་འཇུག་གཏིང་ཟབ་དང་ཚན་རིག་གིས་ཁུངས་སྐྱེལ་བྱས་ཏེ། འཆར་འགོད་གཏིང་ཟབ་དང་ནུས་ལྡན་ཐུབ་པ་བཅས་བྱས་ནས། འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཆེ་རུ་བཏང་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག