མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་བཟོ་ཚོགས་ཀྱིས་ཞིང་པ་ལས་མིའི་ལས་ཞུགས་ཀྱི་གསོ་སྦྱོང་རྟེན་གཞི15འཛུགས་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2013-01-30 10:13

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་ལྗོངས་བཟོ་ཚོགས་ལས་ཞུགས་གསོ་སྦྱོང་རྟེན་གཞི་དང་ལག་རྩལ་གསོ་སྦྱོང་འཛིན་གྲྭའི་མཛད་སྒོ་ལྷ་ས་ལན་ཤྭང་ལག་རྩལ་གསོ་སྦྱོང་སློབ་གྲྭར་སྤེལ་བ་དེས་བོད་ལྗོངས་བཟོ་ཚོགས་ཞིང་པ་ལས་མིའི་ལས་ཞུགས་གསོ་སྦྱོང་རྟེན་གཞི15ཡོད་པ་མཚོན་ཡོད་པ་དང་བྱ་ཐབས་འདིས་བོད་ལྗོངས་ཞིང་པ་ལས་མི་དང་ལྷག་པར་དུ་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་ཞིང་པ་ལས་མི༼ལས་ཞོར་དུ་ལག་རྩལ༽ཡོད་པ་མངོན་འགྱུར་ཐད་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་མ་ཟད་ཡོང་འབབ་འཕར་སྣོན་གྱི་ནུས་པ་གོང་མཐོར་གཏོང་རྒྱུ་ཡིན་པ་རེད།

    བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ལས་ཞུགས་གསོ་སྦྱོང་རྟེན་གཞི་བསྐྲུན་པ་དེས་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞིང་པ་ལས་མིར་ཞབས་ཞུ་བྱེད་པའི་བྱ་ཐབས་ཞིག་ཡིན་པ་དང་བྱ་ཐབས་འདིས་ཞིང་པ་ལས་མི་དང་ལས་འགུགས་ཀྱི་བུ་ཕྲུག་ལ་ལས་ཞུགས་མངོན་འགྱུར་དང་༼ལས་ཞོར་དུ་ལག་རྩལ་ཡོད་པར༽བསྒྱུར་བཅོས་གྱིས། ལག་རྩལ་བེད་སྤྱོད་དང་སྐུལ་འདེད་གྱིས་ཞིང་པ་ལས་མིའི་ལས་ཞུགས་ཟུང་དུ་འབྲེལ་ནས་འབད་བརྩོན་ཆེན་པོས་ཞིང་པ་ལས་མིར་ལས་ཞུགས་དང་ལས་གཏོད་ཀྱི༼གསེར་གྱི་ལྡེ་མིག༽ཞིག་གཏོད་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་ལན་ཤྭང་ལག་རྩལ་གསོ་སྦྱོང་སློབ་གྲྭ་ནི་བོད་ལྗོངས་བཟོ་ཚོགས་ཀྱི་ཞིང་པ་ལས་མིའི་ལས་ཞུགས་གསོ་སྦྱོང་རྟེན་གཞིའི་ཁོངས་གཏོགས་སྡེ་ཚན་བཅོ་ལྔ་པ་དེ་ཡིན་པ་རེད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་ཆུ་གློག་བཟོ་པའི་ལག་རྩལ་འཛིན་གྲྭ་ཡིན་པ་དང་ཁྱོན་སློབ་མ60ཡོད་པ་ཚང་མ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་ནས་ཡིན་པ་རེད།

    གཞན་ཡང་ངོ་སྤྲོད་བྱས་པར། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་གསོ་སྦྱོང་འགྲོ་གྲོན་སྒོར་ཁྲི204.7ཙམ་བཏང་ནས་འདི་ལོའི་ཟླ་བ་ལྔ་པའི་གོང་། ལན་ཤྭང་ལག་རྩལ་གསོ་སྦྱོང་སློབ་གྲྭར་ཐེངས52པའི་རིགས་མི་འདྲ་བའི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་གཉེར་རྒྱུ་ཡིན་པ་དང་འཛུགས་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས། མ་བྱན་སོགས་ཆེད་ལས་ཚུད་ཡོད་པ་དང་སློབ་མ་ཁྱོན2600ཙམ་ཟིན་ཡོད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག