མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

རྡུང་ཡུན་ཧུའུ་ཡིས་ཚོགས་འདུ་གཉིས་ཀྱི་གསར་འགོད་པར་གཟིགས་པ།

  ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།  2013-01-30 10:13

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ1པོའི་ཚེས26ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་རྡུང་ཡུན་ཧུའུ་ཆེད་མངགས་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་གསར་འགྱུར་ལྟེ་གནས་སུ་ཕེབས་ཏེ། ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཁྲེན་ཆོན་གོ་ཡི་ཚབ་ཞུས་ནས་ཚོགས་འདུ་གཉིས་ཀྱི་གསར་འགྱུར་དྲིལ་བསྒྲགས་དང་གནས་ཚུལ་གཏོང་སྤེལ་བྱེད་མཁན་ལས་དོན་པ་ཡོངས་ལ་གཟིགས་པ་དང་འཚམས་འདྲི་གནང་ནས། ཚང་མས་དཀའ་སྤྱད་ལས་བརྩོན་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

    རྡུང་ཡུན་ཧུའུ་ཡིས་རྒྱ་ཆེའི་གསར་འགྱུར་ལས་དོན་པས་ནུས་ཤུགས་ཡོད་རྒུས་དྲང་ཕྱོགས་ཐོག་ནས། བོད་ལྗོངས་དྲིལ་བསྒྲགས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་དང་ཐོབ་པའི་གྲུབ་འབྲས་གསར་པ་དྲིལ་བསྒྲགས་ཤུགས་ཆེ་བྱེད་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་པའི་གསོན་ཉམས་དོད་པའི་ལག་ལེན་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པའི་གནས་ཚུལ་དྲིལ་བསྒྲགས་ཤུགས་ཆེ་བྱས་ཏེ། འཛམ་གླིང་ལ་དྲང་བདེན་དངོས་ཡོད་དང་གོང་འཕེལ་ཡར་ཐོན། དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བཞིན་ཡོད་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་གཟུགས་བརྙན་བཟང་པོ་མཚོན་པ་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

    ཚོགས་འདུ་གཉིས་ཀྱི་གསར་འགྱུར་དྲིལ་བསྒྲགས་དང་གནས་ཚུལ་གཏོང་སྤེལ་ནང་ཞུགས་མཁན་ལས་དོན་པས། ངེས་པར་དུ་ཚོགས་འདུ་གཉིས་ཀྱི་དགོངས་དོན་གཏོང་སྤེལ་ཡག་པོ་དང་སྒྲོག་འགྲེལ་ཡག་པོ་བྱས་ནས། ལྗོངས་ཏང་ཨུད་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་གཏོང་གི་མིན་ཞེས་གསུངས་པ་རེད།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག